10
Fri, May

ཕྱི་ལོ་༢༠༢༢་ཟླ་༦་ཚེས་༡༤ཉིན། བོད་ལྗོངས་མདོ་སྨད་ཆོལ་ཁའི་ངོས་ནས་༧རོང་ཆེན་བསྟན་པའི་སྒྲོན་མེ་སྐུ་ཕྲེང་བཅུ་གཅིག་པ་བློ་བཟང་བསྟན་འཛིན་འཇིགས་མེད་ཡེ་ཤེས་རྒྱ་མཚོ་དཔལ་བཟང་པོ་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པར་གྱ་སྟོན་བརྟན་བཞུགས་བསྟར་འབུལ་དང་བཀའ་དྲིན་རྗེས་དྲན་མཚོན་ཆེད་གསེར་གྱི་གཟེངས་རྟགས་ཤིག་ཕུལ་སོང་།

ཕྱི་ལོ་༢༠༢༢ ལོའི་ཟླ་༦ཚེས་༡༣ཉིན། ཏཱའི་སི་ཏུ་རིན་པོ་ཆེ་མཆོག་གིས་ཇི་ལྟར་གསོལ་བ་བཏབ་པ་ལྟར། སྤྱི་ནོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་བཀའ་དབང་དང་ལམ་རིམ་བསྡུས་དོན་གྱི་བཀའ་ཁྲིད་སྩལ་གནང་མཛད་སོང་།

ཕྱི་ལོ་༢༠༢༢ ཟླ་༥ ཚེས་༢༧ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༧གོང་ས་མཆོག་གིས་ང་ཚོ་བོད་ཀྱི་རིག་གཞུང་གིས་ཁ་ཡོད་ལག་ཡོད་ཀྱིས་མིའི་སེམས་ལ་ཞི་བདེ་སྤྲོད་ཐུབ་ཀྱི་ཡོད། དེ་ཧ་ཅང་རྩ་ཆེན་པོ་རེད། མི་ཚང་མས་སེམས་ཀྱི་ཞི་བདེ་འདོད་ཡོད། ལྷག་པར་དུ་ཆོས་ལ་དད་པ་ཡོད་མཁན་ཚང་མས་སེམས་ཀྱི་ཞི་བདེའི་ཆེད་དུ་སྨོན་ལམ་འདེབས་བཞིན་ཡོད་པ་དང་། ང་ཚོས་སྨོན་ལམ་བཏབ་ནས་འདུག་མི་དགོས་པར་སེམས་ལ་སྦྱོང་བརྡར་བྱེད་དགོས། ཞེས་གསུངས་སོང་།

ཕྱི་ལོ་༢༠༢༢་ཟླ་༥ ཚེས་༢༠ཉིན་གྱི་ཕྱི་དྲོ་ཚོུད་༤ ཐོག བཞུགས་སྒར་རྡ་སའི་བོད་ཀྱི་གསོལ་མགྲོན་ཁང་དུ། གཉའ་ནང་བུར་སྲས་པ་རིན་ཆེན་དར་ལོ་ལགས་ཀྱིས་མཛད་པ་དང་། ཨ་མྱེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་ནས་དཔར་སྐྲུན་གནང་བའི་<<གཉའ་ནང་ཚོང་འདུས་པའི་བུ་ཚ་རྒྱལ་ཁམས་པ། དེབ་གཉིས་པ། ཡུལ་གྱར་གྱི་སྐྱོ་གནས་དང་། བལ་ཡུལ་ནང་གི་བོད་མི་དང་བོད་གླེང་བ་>>ཞེས་པའི་ཕྱག་དེབ་དབུ་འབྱེད་མཛད་སྒོ་ཤིག་ཚོགས་སོང་།

ཕྱི་ལོ་༢༠༢༢ ཟླ་༥ ཚེས་༢༧ ཉིན། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་སྐྱོང་དང་ཆོས་བརྒྱུད་གྲུབ་མཐའ་ཁག་དང་། ཤེས་ཡོན་སྡེ་ཚན་ཁག་མཉམ་འབྲེལ་གྱིས་རྩོམ་སྒྲིག་གནང་བའི་སྨོན་ལམ་ཚིག་མཛོད་ཆེན་མོ་པོད་༢༢༣ གྱི་བདག་ཉིད་ཅན་དང་སྨོན་ལམ་ཚིག་མཛོད་ཆེན་མོའི་དྲ་རྒྱ་དབུ་འབྱེད་གནང་སོང་།

ཕྱི་ལོ་༢༠༢༢ ཟླ་༥ ཚེས་༢༥ ཉིན། བཞུགས་སྒར་རྡ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ས་སྐྱའི་ཆོས་བརྒྱུད་འཛིན་པ་ཡོངས་ནས་བརྟན་བཞུགས་ཕུལ་གནང་སོང་། སྐབས་དེར། ༧གོང་ས་མཆོག་གིས་བོད་ཀྱི་གནས་སྟངས་ལ་བསམ་བློ་གཏོང་དུས་ངོས་རང་ཚེ་རིང་པོ་ཞིག་ལ་སྡོད་མ་ཐུབ་ན་བོད་ཀྱི་སངས་རྒྱས་ཀྱི་བསྟན་པ་དང་། བོད་རྒྱ་ཆེའི་མི་མང་གི་རེ་འདུན་བསྐང་ཐུབ་ཀྱི་མ་རེད་བསམ་ནས་སེམས་ཤུགས་བསྐྱེད་བཞིན་ཡོད། དེར་བརྟེན། ལོ་བརྒྱ་ཟིན་མ་ཟིན་ལ་སྡོད་ཐུབ་པའི་སྨོན་ལམ་རྒྱག་གི་ཡོད། ཁྱོད་རང་ཚོས་ཀྱང་དེ་ལུགས་ཀྱིས་ཐུགས་སྨོན་གནོངས་ཞེས་གསུངས་སོང་།

ཕྱི་ལོ་༢༠༢༢་ཟླ་༥ཚེས་༡༡ཉིན། <<ང་ཚོའི་རུས་རྐང་འཇིབས་སོང་། ཞི་ཅིན་ཕིང་གི་དབང་འོག་གི་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་།>> ཞེས་པའི་སྙན་ཐོའི་ནང་དུ། རྒྱ་ནག་གཞུང་གིས་<དུས་རབས་གསར་བའི་མི་རིགས་སྲིད་ཇུས་>ཞེས་པའི་མིང་ཐོག་ནས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་གྱི་ལས་གཞི་རྒྱ་ཆེར་ལག་བསྟར་བྱས་ཏེ་བོད་ཀྱི་སྐད་ཡིག་དང་ཤེས་ཡོན་གྱི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་གཏོང་བཞིན་འདུག ཅེས་འགྲེལ་བརྗོད་བྱས་འདུག

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།