ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༦ ཉིན་སྤེལ། ཉེ་ཆར་སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྭི་ཌན་གྲོས་ཚོགས་སུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན། ད་དུང་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཕྱོགས་སྐོར་བཅས་དང་འབྲེལ་བའི་གྲོས་འཆར་བཏོན་འདུག
རྒྱ་ནག་ནས་ཁྱབ་པའི་གློ་ནད་གསར་པའི་ཉེན་ཚབས།
ཕྱི་ལོ་༢༠༢༣ ལོའི་ཟླ་༡༢ ཚེས་༡ ཉིན། དེ་ཡང་རྒྱ་ནག་ནས་ཁྱབ་པའི་གློ་ནད་གསར་པའི་ཉེན་ཚབས་ཉིན་རེར་བཞིན་ཆེ་ནས་ཆེ་རུ་འགྲོ་བཞི་ཡོད་པ་དང་། དེང་སྐབས་དེའི་འགོས་ཚད་ཀྱི་གཞི་རྒྱ་ཆེ་རུ་ཕྱིན་ནས། ཨ་རི་དང་ཡོ་རོབ་སོགས་ཀྱི་རྒྱལ་ཁབ་ནང་དུ་ཁྱབ་སྟེ་ནད་ཡམས་ཆེན་པོའི་རྣམ་པར་འགྱུར་ཡོད་ཚུལ་གྱི་གནས་ཚུལ་ཐོན་འདུག
ཡུ་རོབ་ནང་པའི་མཐུན་ཚོགས་ནས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་གཞུང་གིས་ཐེ་གཏོགས་བྱེད་མི་ཆོག་པའི་བསྒྲགས་གཏམ་སྤེལ་འདུག
ཕྱི་ལོ་༢༠༢༣ ཟླ་༩ ཚེས ༢༤ ཉིན། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་ལོ་འཁོར་ཚོགས་ཆེན་ཚོགས་ནས་སྤྱི་མོས་ཐོག ༸གོང་ས་མཆོག་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་གཞུང་གིས་ཐེ་གཏོགས་བྱེད་མི་ཆོག་པ་དང་རྒྱ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་བླ་མ་སུ་ཡང་ངོས་ལེན་མི་བྱེད་པ། དེ་བཞིན་བོད་ནང་ཆོས་དད་རང་དབང་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
རྒྱ་གར་ནི་ཟླ་བའི་ལྷོ་སྣེ་ཐོག་འབབ་ཐུབ་མཁན་ཐོག་མ་དང་ཟླ་བའི་ཐོག་འབབ་ཐུབ་མཁན་བཞི་པ་དེ་ཆགས་ཡོད་འདུག
ཕྱི་ལོ་༢༠༢༣ ལོའི་ཟླ་༨ ཚེས་༢༣ ཉིན། རྒྱ་གར་གྱིས་ཟླ་བའི་ཐོག་ཏུ་ཟླ་བའི་འགྲུལ་འཁོར་གྱི་འཕུར་མདའ་ཡང་ན་ཅན་ཌི་ར་ཡན་གསུམ་པ་(Chandrayaan-3)་མཁའ་དབྱིངས་སུ་བཏང་ནས་ཟླ་གཅིག་ལྷག་སོང་རྗེས། དེ་རིང་ཟླ་བའི་ལྷོ་སྣེའི་ཐོག་བདེ་ལེགས་ངང་བབས་ཐུབ་ཡོད་ཅིང་། དེ་ནི་རྒྱ་གར་ཟླ་བའི་ལྷོ་སྣེར་བབས་ཐུབ་མཁན་རྒྱལ་ཁབ་ཐོག་མར་དང་མཁའ་དབྱིངས་སྟོབས་ཆེན་རྒྱལ་ཁབ་བཞི་པ་དེ་ཆགས་ཀྱི་ཡོད་འདུག དེ་སྔོན་ཨ་རི་དང་ཨུ་རུ་སུ། རྒྱ་ནག་མ་གཏོགས་ཟླ་བའི་ཐོག་བབས་ཐུབ་མེད་པ་རེད། རྒྱ་གར་བ་རྣམས་ཀྱིས་རྣམ་པ་འདྲ་མིན་གྱི་ཐོག་ནས་དགའ་སྟོན་རྒྱ་ཆེན་པོ་བྱས་སོང་།
ཨ་རིའི་བོད་མི་ཚོས་ཞི་ཅིང་ཕིང་ཨ་རིར་ཡོང་སྐབས་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་འདུག
ཕྱི་ལོ་༢༠༢༣ ཟླ ༡༡ ཚེས་༡༦ ཉིན་སྤེལ། ཨ་རིའི་བོད་མི་ཚོས་ཞི་ཅིང་ཕིང་ཨ་རིར་ཡོང་སྐབས་ངོ་རྒོལ་ལས་འགུལ་ཤུགས་ཆེན་སྤེལ་འདུག ཁོ་ཚོས་ཞི་ཅིང་ཕིང་ལ་ཨ་རིར་ཡོང་ལ་ངོ་རྒོལ་ཡོད། སྲིད་དབང་སྒེར་འཛིན་པ་ཨ་རིར་ཡོང་ལ་དགའ་བསུ་མེད། བོད་ལ་རང་དབང་དགོས། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས། རྒྱ་དམར་གཞུང་མགོ་རྟིང་སློགས། བོད་ལ་རང་དབང་དགོས། ཡུ་གུར་ལ་རང་དབང་དགོས། ཧོང་ཀོང་ལ་རང་དབང་དགོས་སོགས་ཀྱི་སྐད་འབོད་ཤུགས་ཆེན་བརྒྱབ་ནས་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་འདུག
སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་རྒྱ་གར་ལྡི་ལིར་དབུ་འཛུགས་གནང་འདུག
ཕྱི་ལོ་༢༠༢༣་ཟླ་༩་ཚེས་༩ ཉིན། རྒྱ་གར་གཞུང་གི་གོ་སྒྲིག་འོག སྟོབས་ཆེན་རྒྱལ་ཁབ་ཉི་ཤུའི་ཐེངས་བཅོ་བརྒྱད་པའི་ཚོགས་ཆེན་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་དབུ་འཛུགས་གནང་འདུག དེར་ར་ཤི་ཡ་དང་རྒྱ་ནག་གི་སྲིད་འཛིན་མ་གཏོགས་རྒྱལ་ཁབ་གཞན་གྱི་སྲིད་འཛིན་དང་སྲིད་བློན་རྣམས་ཕེབས་ཡོད་འདུག ཚོགས་ཆེན་དེར་གཙོ་བོར་འཛམ་གླིང་ནང་ཁོར་ཡུག་ཡར་རྒྱས་དང་གནམ་གཤིས་འགྱུར་ལྡོག་སྐོར། རྒྱལ་སྤྱིའི་དཔལ་འབྱོར་གནས་སྟངས་སོགས་ཀྱི་སྐོར་གླེང་རྒྱུ་ཡིན་འདུག
ཨ་རིའི་ཕྱི་སྲིད་དྲུང་ཆེ་རྒྱ་ནག་གི་འགོ་ཁྲིད་ལ་ཐུག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ལ་སེམས་འཚབ་ཡོད་སྐོར་བརྗོད་འདུག
ཕྱི་ལོ་༢༠༢༣་ཟླ་༦་ཚེས་༡༩ཉིན་སྤེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན་ལགས་རྒྱ་ནག་པེ་ཅིང་ལ་ཕེབས་ནས། རྒྱ་ནག་གི་སྲིད་འཛིན་དང་ཕྱི་སྲིད་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ། བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་ཡོད་པར་སེམས་འཚབ་ཡོད་སྐོར་བརྗོད་ཡོད་འདུག