བོད་རྒྱལ་ཁབ་ཆེན་པོའི་རྒྱལ་རབས་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་མཚོན་རྟགས་རྣམས་སྲུང་སྐྱོབ།
བོད་རྒྱལ་ཁབ་ཀྱི་བདག་དབང་འཐབ་རྩོད་དང་རྒྱལ་ཁབ་ཀྱི་ཆེ་རིང་བའི་རང་དབང་རང་བཙན་གྱི་རྒྱལ་རབས་ལོ་རྒྱུས་དང་དེ་དག་གི་ཁྲོད་མེས་པོ་རྣམས་ཀྱིས་བཞག་གནང་བའི་བོད་རྒྱལ་ཁབ་ཀྱི་མཚོན་རྟགས་དང་མི་རིགས་ངོ་བོ། ཁོང་རྣམ་པས་རྒྱུན་སྐྱོང་གནང་བའི་ཆབ་སྲིད་ལམ་ལུགས་དང་ད་བར་འཛིན་སྐྱོང་གནང་བའི་ཆོས་རིག་དང་སྐད་ཡིག་སོགས་བོད་མི་མི་རེ་ངོ་རེས་རང་འཚམས་ཀྱི་ནུས་པར་དཔག་པའི་སྒོ་ནས་འགན་ལེན་སྲུང་སྐྱོབ་ཐུབ་པ་རེད།