རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གསར་འགྱུར་ཁང་གི་ངོས་ནས་དྲ་ཚིགས་འདིའི་བརྒྱུད་ནས། གཙོ་བོ་བོད་ནང་གི་གསར་འགྱུར་ཁྱབ་སྥེལ་དང༌། རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་འཁྲེགས་འཛིན་གི་སྲིད་བྱུས་ཀྱི་མཐིལ་རྟོལ་བ། འཛམ་གླིང་གང་སར་བཞུགས་པའི་བོད་མི་རྣམས་ནས་རང་དབང་གི་ལས་འགུལ་སྤེལ་བའི་གནས་ཚུལ་འདོན་སྥེལ། བོད་མི་དང་རྒྱབ་སྐྱོར་བ་རྒན་གཞོན་དར་གསུམ་ལ་བོད་དོན་ཐོག་བཅར་འདྲི་ཞུ་བ།
བོད་རྒྱལ་ཁབ་ཀྱི་ངོ་བོ་དང་བདག་དབང་མཚོན་པའི་བོད་ཀྱི་རྒྱལ་དར་སོགས་དང་བོད་མི། བོད་རྒྱལ་ཁབ་ཀྱི་ངོ་བོ་སྟོན་པའི་མཚོན་རྟགས་ཁག་ངོ་སྤྲོད། དེ་བཞིན་ཆེད་སྒྲིག་ནང་དུ་རྒྱལ་སྤྱིའི་ཁྲོད་བོད་དོནདང་འབྲེལ་བའི་ཆབ་སྲིད་གོ་རྟོགས་ཀྱི་ལས་འགུལ། བོད་ཀྱི་ལོ་རྒྱུས་དང་སྐད་ཡིག བོད་ཀྱི་ཐུན་མིན་གྱི་ཤེས་ཡོན་དང་སློབ་གསོ། ཁོར་ཡུག་སྲུང་སྐྱོབ་དང་གོ་རྟོགས། རྒྱ་གཞུང་གིས་ཁོར་ཡུག་ལ་གཏོར་སྐྱོན། དཔལ་འབྱོར་ཡར་རྒྱས་ཐད་མི་རིགས་དབྱེ་འབྱེད། ད་དུང་མི་རིགས་ཕྱོགས་ཞེན་དང་སྒེར་སྤྱོད། སྐད་ཡིག་གཉའ་མནོན་དང་རིག་གཞུང་དམར་གསོད་སོགས་འཚུད་ཡོད།
དེ་བཞིན་རྒྱ་ནག་སྲིད་དབང་གཅིག་བསྡུས་རྒྱལ་ཁབ་དང་རྒྱ་ནག་སྲིད་དབང་གཅིག་བསྡུས་དམར་པོའི་གཞུང་གིས་བོད་མི་མང་གི་མིག་མདུན་ནས་༡༩༤༩ལོ་ནས་མགོ་འཛུགས་ཀྱིས་བོད་རྒྱལ་ཁབ་བཙན་འཕྲོག་དང་དྲག་པོའི་དམག་དཔུང་བེད་སྤྱད་དེ་བོད་མི་ས་ཡ ༡་༢ལྷག་དམར་གསོད་བཏང་བ། མགོ་བོད་གཞུང་ནས་བོད་ས་ཡོངས་ཀྱི་ཆོས་རིག་ལྟེ་གནས་ཁང་ཁག་བར་དང་ ཐ་ན་མི་ཚང་ཞིག་ལ་བདག་པའི་གསེར་ཟངས་སོགས་ལས་གྲུབ་པའི་རྒྱུ་ནོར་ཡོངས་རྫོགས་བཙན་བཤེད་ངང་འཕྲོག་བཅོམས་རྐུ་འཁྱེར་བྱས་པ། བོད་ཀྱི་ཆོས་རིག་གི་ལྟེ་གནས་ཁག་སྟོང་དྲུག་ལྷག་དང་དེ་དག་ཏུ་ཡོད་པའི་གནའ་དངོས་མཆོད་རྫས་རྟེན་སྐུ་དང་ཐང་ག གསུང་འབུམ་སོགས་གྲངས་འདས་པ་མེར་བསྲེགས་དང་གཏོར་བཤིགས་རྩ་མེད་བཏང་བ། རྒྱལ་སྤྱིའི་ཁྲིམས་འགལ་ངང་བོད་སའི་ཕྱོགས་བཞི་མཚམས་བརྒྱད་དུ་ཤིང་ནགས་གཅོད་འདྲེག་དང་ཤིང་རིགས་ཚད་མེད་བོད་ས་ཡོངས་ནས་རྒྱ་ནག་གི་མངའ་ཁུལ་ཁག་འདྲ་མིན་དུ་འབོར་འདྲེན་དང༌། དེ་དག་མ་རྩར་བཞགས་ནས་རྒྱ་ནག་ཡར་རྒྱས་མགོ་བཙུགས་པ། གང་བྱུང་གིས་བོད་སའི་ཕྱོགས་ཡོངས་སུ་རི་ལུང་ས་ཆུ་གང་སར་བསྔོགས་འདོན་གྱིས་རིན་ཐང་ཅན་གྱི་དངོས་རྫས་རིགས་གྲངས་ནས་འདས་འབོར་འདྲེན་བྱས་པ། མ་ཟད་བོད་ཀྱི་དོན་གྱི་བདག་པོ་བོད་མི་ཚོའི་ཆོག་ཅན་མེད་པར་གཏན་ནས་མེད་པར་གཏེར་ཁ་ཚད་མེད་བསྔོགས་འདོན་གྱིས་འཕྲོག་བཅོམས་རྐུ་འཁྱེར་བྱས་པ་སོགས་མ་རབས་ཐ་ཤལ་གྱི་བྱ་སྤྱོད་དང་བོད་མི་ཚོའི་སེམས་ནང་དུ་ནམ་ཡང་དག་ཐབས་མེད་པའི་རྒྱ་དམར་གཞུང་གིས་བྱས་ཉེས་དང་ཁྲམ་པའི་ཧམ་སེམས། ཁོ་ཚོས་ད་བར་བོད་དུ་ཁྲིམས་འགལ་ཧམ་སེམས་བཆངས་སྟེ་བཅར་སྡོད་བྱས་པ་དང་བོད་མིར་ཆབ་དཔལ་ཤེས་སྲིད་སོགས་ལ་མགོ་སྐོར་བསླུ་འཁྲིད་བཏང་བཞགས་པ་བཅས་བསྡོམས་ན་རྒྱ་དམར་གཞུང་གིས་༡༩༤༩ལོ་ནས་ད་བར་བསགས་བཞགས་པའི་རྒྱུ་ནོར་ཡོངས་རྫོགས་བོད་ནང་དུ་ཚུར་འབོར་འདྲེན་བྱས་ཀྱང་ཁ་ལོང་ཐབས་མེད་པ་ཞིག་རེད། དེ་དག་བོད་མི་ཡོངས་ནས་སེམས་ནང་བརྗེད་མེད་པ་དང༌། ཁོ་ཚོས་བོད་ནང་དང་བོད་བྱས་ཉེས་གང་བྱས་ཡོངས་རྫོགས་བོད་མི་ནང་ཁུལ་ཙམ་མིན་པར་རྒྱ་ནག་མི་མང་དཀྱུས་མ་ཚོར་གོ་རྟོགས་སྤེལ་ཐབས་བྱ་གལ་ཆེ་བ་དང༌། ལྷག་པར་དུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཕྱི་རྒྱལ་ཡུལ་གྲུ་ཁག་གི་སྲིད་གཞུང་དང་གྲོས་ཚོགས་ཁག་ལ་ཞུ་བཏུགས་དང་གོ་རྟོགས་རྒྱུན་མི་ཆད་པར་གནང་དགོས་པ་རེད། ད་དུང་རྒྱ་ནག་གཞུང་གིས་འཛམ་གླིང་གང་སར་བོད་ཀྱི་ལོ་རྒྱུས་དང་ད་ལྟའི་བོད་ནང་གི་གནས་སྟངས་སྐོར་དྲིལ་བསྒྲགས་རྫུན་མ་སྤེལ་བ་མཐིལ་རྟོལ་བྱེད་རྒྱུ་ནི་བོད་མི་ཚོའི་མི་རེ་ངོ་རེའི་འོས་འགན་གལ་ཆེན་ཞིག་ཡིན། དེ་བཞིན་འདི་ག་གསར་ཁང་གིས་ངོས་ནས་ཀྱང་དེ་ལྟར་དམིགས་ཡུལ་བཅངས་ཏེ་མཐའ་གཅིག་ཏུ་ཤུགས་བསྣོན་རྒྱག་རྒྱུ་ཡིན།།