03
Wed, Dec
5 རྩོམ་གསར།

རྒྱུན་དུ་བཟའ་བཏུང་སྐབས་དང་ཟས་རིགས་སུ་སྣུམ་དང་ཚྭ་མངར་ཆ་ཉུང་དུ་གཏོང་དགོས།

སྣུམ་ཚྭ་མངར་ཆ་གསུམ། སྤྱོད་ཤེས་ན་སྨན་རེད། སྤྱོད་མ་ཤེས་ན་དུག་རེད། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཟའ་བཏུང༌།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

འདིར་སྤྱིར་འཛམ་གླིང་ཐོག་ཚན་རིག་གི་ཞིབ་འཇུག་དང་འབྲེལ་ཡོད་ཁྱད་ལས་པ་སྨན་པ་སོགས་ནས་བཟའ་བཏུང་སྐབས་སུ་ཟས་རིགས་ནང་དུ་སྦྱོར་རྫས་མངར་ཆ་དང་སྣུམ། ཚྭ་སོགས་གང་ཐུབ་ཀྱིས་ཉུང་དུ་གཏོང་ཐུབ་ན་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་ཁྱད་པར་ཆེན་པོ་འགྲོ་རྒྱུ་ཡིན་པའི་སྐོར་འབྲངས་ཡོད།

མངར་ཆ་ཇི་ལྟར་ཉུང་དུ་གཏོང་དགོས་པ།

༼༡༽ མངར་ཆར་གནོད་པ་མང་པོ་ཡོད་པ་རྒྱུན་དུ་ནས་ཉུང་དུ་གཏོང་ཐབས་སུ་འབད་དགོས་པ་གལ་ཆེན་ཡིན། ཟས་རིགས་ཀྱི་མངར་ཆ་ནི་སོ་སྲིན་འབྱུང་བའི་རྒྱུ་རྐྱེན་གལ་ཆེ་ཤོས་དེ་ཡིན་ཞིང༌། མངར་ཆ་མང་དྲགས་ཚེ་བཟའ་བཅའ་དོ་མི་སྙོམས་པ་དང༌། རྒྱགས་པ་ཆགས་པ། དེ་བཞིན་གཅིན་སྙི་ཟ་ཁུའི་ནད་སོགས་གཅོང་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།

༼༢༽མངར་ཆ་སྤྱོད་ཚད་ལ་ཚོད་འཛིན་བྱེད་དགོས་པའི་དགོས་དམིགས་ནི། དར་མ་མི་རེས་ཉིན་རེར་མངར་ཆ་སྤྱོད་ཚད་ཡག་ཤོས་བྱུང་ན་ཁེ་༢༥མན་ལ་ཚོད་འཛིན་བྱེད་དགོས་ལ། མངར་ཆ་སྤྱོད་ཚད་སྤྱིའི་ནུས་ཚད་ཀྱི་༡༠%མན་ལ་ཚོད་འཛིན་བྱེད་ཐུབ་ན་འོས་འཚམ་ཡོད།

༼༣༽བྱིས་པ་དང་གཞོན་ནུས་མངར་ཆ་ཡོད་པའི་བཏུང་བྱ་མི་འཐུང་བའམ་ཡང་ན་ཉུང་ཙམ་འཐུང་རྒྱུར་ཚོད་འཛིན་བྱེད་ན་འཕྲོད་བསྟེན་ལ་ལེགས་ཤིང་དང་ནད་རིགས་སྔོན་འགོག་ཐུབ་པའི་དགེ་མཚན་ལྡན་ཡོད། རྒྱུ་མཚན་ནི་མངར་ཆ་ཡོད་པའི་བཏུང་བྱ་ནི་བྱིས་པའམ་ཡང་ན་གཞོན་ནུའི་མངར་ཆ་སྣོན་མའི་འབྱུང་ཁུངས་གཙོ་བོ་དེ་ཡིན་པས་མངར་ཆ་ཡོད་པའི་བཏུང་བྱ་མི་འཐུང་བའམ་ཡང་ན་ཉུང་ཙམ་འཐུང་དགོས་པ་ཡིན།

༼༤༽ཕྲུ་གུ་དམར་འབྱར་དང་བྱིས་པའི་བཟའ་བཅར་མངར་ཆ་བསྣན་མི་རུང༌། དེར་བརྟེན་ཕྲུ་གུ་དམར་འབྱར་དང་བྱིས་པའི་བཏུང་བྱ་གཙོ་བོ་རབ་བྱུང་ན་ཆུ་འཁོལ་དྲོ་འཇམ་ལྡན་པ་བྱེད་དགོས། ཟས་གཡོས་སྦྱོར་བྱེད་སྐབས་ཡག་ཤོས་བྱུང་ན་མངར་ཆ་དེ་ལས་བསྣན་མི་རུང༌།

༼༥༽མངར་ཆ་མང་བའི་ཐུམ་སྒྲིལ་བརྒྱབ་པའི་བཟའ་བཅའ་སྤྱོད་ཚད་ཉུང་དུ་གཏོང་དགོས། འཁྱགས་ཞོ་དང་ཆོག་ལེ་ཊི། ཞིམ་ཟས་བྱི་རིལ་སོགས་ལས་སྣོན་བྱེད་པའི་བརྒྱུད་རིམ་ནང་རབ་བྱུང་ན་མངར་ཆ་སྤྱོད་ཚད་ཉུང་དུ་གཏོང་དགོས།

༼༦༽ལྟོ་ཆས་བཟོ་སྐབས་མངར་ཆ་ཉུང་ཙམ་བླུག་དགོས། གང་ཡིན་ཞེ་ན། རྒྱུན་དུ་ནས་ཁྱིམ་ནང་མངར་ཆ་རིགས་ཉིན་ཟས་དང་དགོང་ཟས་སོགས་ཀྱི་སྔ་རྗེས་སུ་བཟའ་བ། ཡང་ན་ཉིན་ཟས་དང་དགོང་ཟས་མཉམ་དུ་སྦྱོར་བ་མང་བས་ནང་མི་སྤྱིའི་འཕྲོད་བསྟེན་ལ་དོ་སྐྱོན་ཕོག དེར་བརྟེན་ཁྱིམ་དུ་ལྟོ་ཆས་བཟོ་སྐབས་མངར་ཆ་ཉུང་ཙམ་བླུག་དགོས། གང་ལྟར་ཆུ་དཀྱུས་མའམ་དངས་གཙང༌། ཧ་ཅང་གྲང་མོ་མ་ཡིན་པ། ཡང་སྒོས་སུ་ཆུ་འཁོལ་དྲོད་འཇམ་སྙོམས་པས་བཏུང་བྱའི་ཚབ་བྱེད་ན་དགོས་ཕན་ཆེན་པོ་ལྡན་ཡོད། དེས་ན་མིའི་གཟུགས་པོར་ཡག་ཤོས་བྱུང་ན་ཆུ་འཁོལ་མང་ཙམ་འཐུང་དགོས། གནམ་གཤིས་དྲོད་ཚད་རན་པའི་སྐབས་སྐྱེས་པ་དར་མ་ཞིག་གིས་ཉིན་རེར་ཉུང་མཐར་ཡང་ཆུ་ཧྲེང་༣་༧ ཙམ་མམ་ཤེལ་གྱི་ཆུ་ཕོར་༡༥་༥ཙམ་འཐུང་དགོས་པ་དང་བུད་མེད་ཀྱིས་ཉུང་མཐར་ཡང་ཆུ་ཧྲེང་༡༡་༥ཙམ་མམ་ཤེལ་གྱི་ཆུ་ཕོར་༡༡་༥ཙམ་འཐུང་དགོས།

མདོར་ན། མངར་ཆ་མང་པོ་འདུས་པའི་ཟས་རིགས་མང་དུ་ཟ་བ་དེས། ལུས་ཚོ་བ་དང་དལ་བའི་རང་བཞིན་གྱི་ནད་རིགས་བསྐྱེད་པའི་ཉེན་ཁ་ཆེ་ལ། ལྷག་པར་དུ་མངར་ཆ་འདུས་པའི་སྐོམ་ཆུ་མང་པོ་འཐུང་བ་དེས། ཟས་རིགས་ཀྱི་འཚོ་བཅུད་དོ་མི་མཉམ་པར་བཟོས་ཏེ། ལུས་ཀྱི་ལྗིད་ཚད་འཕར་སྣོན་དང་། དལ་བའི་རང་བཞིན་གྱི་ནད་རིགས་ཇེ་སྡུག་ཏུ་གཏོང་བའི་ཉེན་ཁ་བཟོ་སྲིད། དེར་བརྟེན། མི་རེས་ཉིན་རེར་ཀ་ར་ཟ་ཚད་ཁེ་ལྔ་བཅུ་ལས་མི་བརྒལ་བར་བྱེད་པ་དང་། རབ་ཡིན་ན་ཁེ་ཉེར་ལྔའི་མན་དུ་ཚོད་འཛིན་བྱེད་དགོས།

སྣུམ་ཡང་ཇི་ལྟར་ཉུང་དུ་གཏོང་དགོས་པ།

སྣུམ་ཉུང་དུ་གཏོང་དགོས་ཏེ་སྣུམ་ཞག་ཆེ་བའི་ཟས་རིགས་ནི་ཁྲག་ཚིལ་མཐོ་བའི་ནད་ཀྱི་ཉེན་ཁ་ཆེ་བའི་རྒྱུ་རྐྱེན་གཅིག་ཡིན། ཡུན་རིང་ཁྲག་ཚིལ་རྒྱུན་ལྡན་མིན་པ་དེས་མཆིན་པ་ཚིལ་འགྱུར་དང་འཕར་རྩ་རྩ་འགྱུར། སྙིང་གཟེར་ནད། ཀླད་གྲིབ། མཁལ་མའི་འཕར་རྩ་རྩ་འགྱུར་སོགས་ཀྱི་ནད་རིགས་སློང་སྲིད། སྤྱིར་བཏང་དུ་མི་རེས་ཉིན་རེར་སྣུམ་ཟ་ཚད་དེ་ཁེ་ཉེར་ལྔ་ནས་སུམ་ཅུའི་བར་ཡིན་ན་ཆོག་ལ། ཚོད་མ་བརྔོ་སྐབས་སྣུམ་མི་བཀོལ་བའམ་ཡང་ན་ཉུང་ཉུང་བཀོལ་ཏེ། རླངས་བཙོས་དང་ཆུ་ནང་དུ་བཙོད་པ་སོགས་བྱས་ན་སྣུམ་ཟ་ཚད་ཇེ་ཉུང་དུ་གཏོང་ཐུབ་པ་རེད།

༼༡༽སྣུམ་བཙོས་མར་ཚན་རིག་དང་མཐུན་པའི་སྒོ་ནས་ངོས་འཛིན་བྱེད་དགོས། རྒྱུ་མཚན་ནི་སྣུམ་བཙོས་མས་བཟའ་བཅའི་ཚིལ་ཞུའི་རང་བཞིན་གྱི་འཚོ་བཅུད་བསྡུ་སྤྱོད་ལ་ཕན་ཐོགས་ཡོད་ཅིང༌། དེ་ནི་མིའི་ལུས་པོར་ངེས་པར་མཁོ་བའི་ཚིལ་སྐྱུར་དང་འཚོ་བཅུད་༼E༽ཡི་འབྱུང་ཁུངས་གཙོ་བོ་རེད། འོན་ཀྱང་ཞག་ཚིལ་མང་དྲགས་ན་གཅིན་སྙི་ཟ་ཁུའི་ནད་དང༌། ཁྲག་ཤེས་མཐོ་བའི་ནད། ཁྲག་ཚིལ་རྒྱུན་གཏན་མིན་པ། སྙིང་གཟེར་ནད་སོགས་གཅོང་ནད་ཕོག་པའི་ཉེན་ཁ་ཆེན་པོ་ཡོད།

༼༢༽སྣུམ་བཙོས་མ་སྤྱོད་ཚད་ལ་ཚོད་འཛིན་བྱེད་དགོས། ཚན་རིག་པས་ཞིབ་འཇུག་བྱས་པ་ལས། གཟུགས་གཞི་བདེ་ཐང་ཡིན་པའི་དར་མ་ཞིག་གིས་ཉིན་རེར་སྣུམ་བཙོས་མ་སྤྱོད་ཚད་ཁེ་༢༥ནས་༣༠ལས་བརྒལ་ན་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་གནོད་ལུགས་དྲངས་ཡོད།

༼༣༽ སྣུམ་རྒྱུ་ཉུང་བའི་ཟས་རིགས་མང་ཙམ་སྤྱོད་ཐབས། ལྟོ་ཆས་བཟོ་སྐབས་རབ་བྱུང་ན་རླངས་བཙོས་དང༌། ཆུ་བཙོས། བསྐོལ་བ་སོགས་བྱེད་པ་ལས་སྣུམ་ལ་ཉུང་ཙམ་སྲེག་ནས་སྤྱོད་དགོས།

༼༤༽.བཟའ་བཅའ་བསྲེགས་མ་ཉུང་ཙམ་བཟའ་དགོས་པ་སྟེ། བྱ་ཤ་བསྲེགས་མ་དང༌ཞོག་ཁོག་བསྲེགས་མ། དེ་བཞིན་བག་ལེབ་སོགས་བསྲེགས་ཟས་ཉུང་ཙམ་བཟའ་བའམ་ཡང་ན་གཏན་དུ་མི་ཟོས་ན་འཕྲོད་བསྟེན་ལ་གནོད་པ་འབྱུང་བ་ཧ་ཅང་ཉུང་དུ་འགྲོ།

༼༥༽དེ་བཞིན་སྲོག་ཆགས་ཀྱི་ཚིལ་ཉུང་ཙམ་སྤྱོད་དགོས་སྟེ། སྲོག་ཆགས་ཀྱི་ཚིལ་སྤྱོད་ཚད་ཉུང་དུ་བཏང་སྟེ་རྩི་ཤིང་གི་སྣུམ་གྱིས་ཚབ་བྱེད་དགོས་ལ། རྩི་ཤིང་གི་སྣུམ་སྤྱོད་སྐབས་ཀྱང་རིགས་མི་འདྲ་བ་རེས་མོས་བྱེད་དགོས་ལུགས་ཚན་རིག་མང་པོ་ཞིག་གིས་གྲོས་འགོ་བཏོན་ཡོད།

༼༦༽ལྡོག་ཚིལ་ཚིལ་སྐྱུར་ལ་ཚོད་འཛིན་བྱེད་དགོས་པའང་ཤིན་ཏུ་ནས་གལ་ཆེན་ཡིན། རབ་བྱུང་ན་ཉིན་རེར་ལྡོག་ཚིལ་ཚིལ་སྐྱུར་སྤྱོད་ཚད་ཁེ་༢ལས་བརྒལ་མི་རུང༌། དེ་ལས་རྒལ་ན་མིའི་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་ཧ་ཅང་གནོད་སྐྱོན་ཕོག་པ་རེད། མ་ཟད་ནད་རིགས་འདྲ་མིན་འདྲེན་བྱེད་ཀྱི་རྒྱུར་འགྱུར་བ་རེད།

དེ་བཞིན་ཚྭ་ཇི་ལྟར་ཉུང་དུ་གཏོང་དགོས་པ།

༼༡༽ཟས་རིགས་ཚྭ་ཁུའི་གནོད་འཚེ་ཕོག་པ་ཧ་ཅང་མང་ལུགས་སྲོལ་རྒྱུན་དང་དེང་དུས་སྨན་པ་ཚོས་གཅིག་མཐུན་བྱེད་བཞིན་ཡོད་པ་རེད། ཚྭ་མང་དྲགས་ན་ཁྲག་ཤེད་འཕར་བ་དང་ཕོ་བའི་ནད་ཚབས་ལྕི་རུ་ཕྱིན་པ་མ་ཟད། རུས་པ་སབ་སོབ་དང་རྒྱགས་པ་སོགས་ཀྱི་རིམས་ནད་ཕོག་ཉེན་ཆེན་པོ་ཡོད། དེ་དག་ནི་མིའི་ལུས་ཁམས་ཀྱི་འཕྲོད་བསྟེན་དང་ཐད་ཀར་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད།

༼༢༽ཟས་རིགས་ཚྭ་ཁུར་ཚོད་འཛིན་བྱེད་དགོས་སྟེ། གཟུགས་གཞི་བདེ་ཐང་ཡིན་པའི་དར་མ་ཞིག་གི་ཉེན་རེའི་ཚྭ་སྤྱོད་ཚད་ཁེ་༦ལས་བརྒལ་མི་རུང་བ་དང༌། ལོ་༢ནས་༣བར་གྱི་ཕྲུ་གུར་ཁེ་༢ལས་བརྒལ་མི་རུང་བ། ལོ་༤ནས་༦བར་གྱི་ཕྲུ་གུར་ཁེ་༣ལས་བརྒལ་མི་རུང་བ། ལོ་༧ནས་༡༠0བར་གྱི་བྱིས་པར་ཁེ་༤ལས་བརྒལ་མི་རུང་བ། ལོ་༦༥ཡན་གྱི་རྒན་རྒོན་ཚོར་ཁེ་༥ལས་བརྒལ་མི་རུང་བ་ཚན་རིག་པས་གྲོས་འགོ་བཏོན་ཡོད།

༼༣༽ཐུམ་སྒྲིལ་ཟས་རིགས་ཚྭ་ཁུ་ཉུང་ཙམ་བཟའ་དགོས་གལ་ཆེ་བ་ཡིན། རྒྱུ་མཚན་ནི། ཤ་བཙོས་མའི་རིགས་དང༌། བསྙལ་ཚལ། ལྕགས་ཀྲིན་ནང་བླུགས་པའི་བཟའ་བཅའ་ཉུང་ཙམ་བཟའ་དགོས་པ་དང༌། ལ༈ག་པར་ཤ་རིགས་དང་སྒོ་ངའི་རིགས་སོས་པ་མང་ཙམ་བཟའ་ན་ལུས་ཁམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཆེ་བ་ཡོད་ལུགས་སྲོལ་རྒྱུན་དང་དེང་དུས་ཚན་རིག་སྨན་པ་གཉིས་ཀས་བསྟན་ཡོད།

༼༤༽ནཱ་ཚྭ་སྤྱོད་ཚད་རིམ་བཞིན་ཉུང་དུ་གཏོང་ཐུང་དགེ་མཚན་ཆེ་བ་ཡོད་དེ། ཚྭ་སྤྱོད་ཚད་རིམ་བཞིན་ཉུང་དུ་བཏང་ན་ཚྭ་ཁ་དམའ་རུ་འགྲོ་སྲིད་པས། ལུས་ཁམས་བདེ་ཐང་ཡར་རྒྱས་འགྲོ་བ་དང་ཉེན་ཁའང་ཆུང་དུ་འགྲོ་བར་ཕན་ཐོགས་ཡོད།

༼༥༽འཚོ་བཅུད་ཀྱི་གྲུབ་ཆའི་རེའུ་མིག་ལྟ་ཀློག་བྱེད་དགོས། སྒོ་རྩིས་ཚོང་ཁང་ནས་བཟའ་བཅའ་ཉོ་སྐབས་རབ་བྱུང་ན་ནཱ་ཚྭ་ཅུང་དམའ་བའི་ཐུམ་སྒྲིལ་བརྒྱབ་པའི་བཟའ་བཅའ་དང༌། ཚྭ་ཉུང་བའི”མཚོན་རྟགས་ཡོད་པའི་བཟའ་བཅའ་ཉོ་ཐུབ་ན་རང་ཉིད་དང་རང་གི་ནང་མི་ཚོའི་འཕྲོད་བསྟེན་ལ་དགོས་མཁོ་དང་ཕན་ཐོགས་ཡོད།

༼༦༽སྨན་སྣར་རྒྱུན་དུས་ནས་དོ་སྣང་བྱེད་དགོས་པ་གལ་ཆེན་ཡིན།  ནཱ་ཚྭ་ལྡན་ཚད་ཉུང་བ་དང་ཚལ་རིགས་ནང་དུ་སྦྱོར་བྱེད་ཚྭ་ཉུང་བའི་ཁུ་ནག་སོགས་འདེམས་པ་དང༌། མཉལ་རྫས་སམ་མཉལ་ཁུ་ཁ་ཚ་རིགས་སྨན་སྣ་མང་པོ་རྒྱག་རྒྱུ་མེད།

༼༧༽སྦས་ཚྭར་ལྷག་པར་དུ་དོགས་ཟོན་བྱེད་དགོས་པ་སྟེ། སྟབས་བདེའི་བཟའ་བཅའ་དང་ཞོར་ཟས་ཁག་གཅིག་ཁ་ལ་བཟའ་སྐབས་ཚྭ་ཁུ་དེ་ཙམ་མེད་ཀྱང་སྦས་ཚྭ་མི་ཉུང་བ་ཞིག་ཡོད། དེར་བརྟེན་སྦས་ཚྭའི་ལས་སྣོན་བཟའ་བཅའ་རབ་བྱུང་ན་ཉུང་ཙམ་བཟའ་དགོས་པ་ཡིན།།