རྒྱ་གཞུང་གིས་རྒྱ་བསྒྱུར་སྲིད་ཇུས་འོག་བོད་ཀྱི་སློབ་གྲྭ་གསུམ་བསྟུད་མར་བཙན་གྱིས་སྒོ་བརྒྱབ་འདུག
ཕྱི་ལོ་༢༠༢༦ ཟླ་༡༠ པའི་ཚེས་༢༠ ཉིན་སྤེལ། རྒྱ་དམར་སྲིད་གཞུང་གིས་བོད་ནང་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་པའི་སྐབས བོད་སྐད་ཡིག་བརྒྱུད་ནས་སློབ་ཁྲིད་གནང་བཞིན་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་། མགོ་ལོག་རྟ་བྲག་སློབ་གྲྭ རྭ་རྒྱ་གྲོལ་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་བཅས་བསྟུད་མར་བཙན་གྱིས་སྒོ་རྒྱག་བཅུག་འདུག