20
Mon, May

ཕྱི་ལོ་༢༠༢༡ཟླ་༡༠ཚེས་༡༡ཉིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་ཁང་དུ། སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དང་པོ་དབུ་འཛུགས་གནང་སོང་། གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གྲོས་འཆར་ཁག་ཅིག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད་གྲོས་འཆར་ཞིག་བཞག་གནང་སོང་།

ཕྱི་ལོ་༢༠༢༡ཟླ་༡༠ཚེས་༨་ཉིན། བཞུགས༌སྒར༌རྡ༌ས༌བོད༌མི༌མང༌སྤྱི༌འཐུས༌ལྷན༌ཚོགས༌ཀྱི༌ཚོགས༌ཁང༌དུ། སྐབས༌བཅུ༌བདུན༌པའི༌འདེམས༌ཐོན༌སྤྱི༌འཐུས༌རྣམས༌ཀྱིས༌བར༌བརྒལ༌ཚོགས༌གཙོ༌མདུན༌ནས༌ལས༌ཁུར༌དམ༌འབུལ༌ཞུས༌རྗེས། སྤྱི་འཐུས་རྣམས་ཀྱིས་འོས་བསྡུའི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན་བདམས་གནང་སོང་། ཚོགས་གཙོ་ནི་དགེ་བཤེས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་དང་། ཚོགས་གཞོན་ནི་སྒྲོལ་མ་ཚེ་རིང་ལགས་འདེམས་ཐོན་བྱུང་སོང་།

ཕྱི་ལོ་༢༠༢༡ ཟླ་༩ ཚེས་༣༠ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་རྒྱ་གཞུང་གི་རྒྱབ་ཤ་དཀར་པོའི་ཡིག་ཆར་ལན་འདེབས་ཀྱི་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༢ཉིན། བཞུགས་སྒར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་ཚོགས་ཁང་དུ། བཙན་བྱོལ་བོད་མིའི་མང་གཙོ་དབུ་བརྙེས་ནས་ལོ་ངོ་ཧྲིལ་པོ་༦༡་འཁོར་བའི་ཉིན་མོ་སྲུང་བརྩི་གནང་ཞིང་། སྲིད་སྐྱོང་མཆོག་གིས་མང་གཙོའི་ལམ་ལུགས་ནི་ང་ཚོས་རང་དབང་འཐབ་རྩོད་ཀྱི་སྟོབས་ཤུགས་མི་ཉམས་རྒྱུན་འཛིན་དང་། ནུས་པ་མཉམ་སྤུངས་ཀྱི་མཐུན་རྐྱེན་རྩ་འགངས་ཆེ་ཤོས་ཤིག་ཡིན་པ་མ་ཟད། མ་འོངས་པར་བོད་ལ་རང་དབང་གི་ཉི་མ་འཆར་བའི་དུས་སྐབས་སུའང་བོད་ཀྱི་སྲིད་འབྱོར་རིག་གསུམ་ཡར་རྒྱས་གོང་སྤེལ་དང་། འཛིན་སྐྱོང་ཚགས་ཚུད་དྲང་བདེན་ཡོང་བར་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན། ཞེས་གསུངས་སོང་།

ཕྱི་ལོ་༢༠༢༡་ཟླ་༡༠་ཚེས་༧ཉིན། སྐབས་བཅུ་བདུན་པའི་འདེམས་ཐོན་སྤྱི་འཐུས་ཀྱི་སྐུ་ཚབ་རྣམ་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་སྐབས། ༸གོང་ས་མཆོག་གིས། སྐབས་བཅུ་བདུན་པའི་གྲོས་ཚོགས་ཆེད་དབུས་འོས་བསྡུ་ལས་ཁང་གིས་ཁྲིམས་མཐུན་འོས་བསྡུ་བྱས་ཏེ་ཁུངས་སོ་སོའི་སྤྱི་འཐུས་འོས་ཐོན་པར་གསལ་བསྒྲགས་ཟིན་པ་ཚང་མས་བཅའ་ཁྲིམས་ཀྱི་འབྲུ་དོན་གཞིར་བཟུང་དམ་འབུལ་བྱ་རྒྱུ། ཞེས་བཀའ་ཕེབས་པ་བཞིན། སང་ཉིན་ཏེ་ཟླ་འདིའི་ཚེས་༨་ཉིན། འོས་འདེམས་བྱུང་བའི་སྐབས་བཅུ་བདུན་པའི་སྤྱི་འཐུས་ཡོངས་རྫོགས་ཀྱིས་བར་བརྒལ་ཚོགས་གཙོའི་མདུན་ནས་དམ་འབུལ་ཞུ་འཆར་ཡོད་པ་དང་། དེ་ནས་ཚོགས་གཙོ་དང་ཚོགས་གཞོན་གདམ་རྒྱུ་ཡིན་སྐོར་གསུངས་སོང་།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༩ཉིན་སྤེལ། ཉེ་ཆར་རྒྱ་གར་ལྷོ་ཕྱོགས་ཀྱི་མཐོ་སློབ་ཁག་ཏུ་གཙུག་ལག་རབ་འབྱམས་པ་དང་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན་མཁན་གྲས་ནས་བོད་པའི་བུ་མོ་གསུམ་ལ་ཡིག་རྒྱུགས་གྲུབ་འབྲས་ལེགས་ཤོས་བྱུང་བའི་གསེར་གྱི་གཟེངས་རྟགས་ཐོབ་འདུག

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༣༠ཉིན། བཞུགས་སྒར་རྡ་ས་ལྷ་རྒྱ་རིའི་སྐོར་ལམ་དུ། བོད་མིའི་སྒྲིག་འཛུགས་བདེ་སྲུང་ལས་ཁུངས་ཀྱི་གོ་སྒྲིག་འོག སྲིད་སྐྱོང་མཆོག་གིས་འཕགས་བོད་ས་མཚམས་སུ་འབར་རྫས་རྐྱེན་པས་འདས་གྲོངས་སུ་གྱུར་པའི་བོད་ཀྱི་དྭང་སློབ་རུ་ཤོག་བདུན་པའི་བརྒྱ་དཔོན་ཉི་མ་བསྟན་འཛིན་ལགས་ཀྱི་དཔའ་བོ་དྲན་རྟེན་ཞེས་པའི་རྡོ་རིང་ཞིག་དབུ་འབྱེད་གནང་སོང་།

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།