རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་༸གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་ནི་བོད་མིར་མ་གཏོགས་རྒྱ་གཞུང་ལ་མེད་སྐོར་བརྗོད་འདུག
ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༢༧ ཉིན་སྤེལ། ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ཏུ་ཚོགས་པའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པའི་ནང་དུ། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་ཐོབ་ཐང་ནི་བོད་མི་ཁོ་ནར་ཡོད་པ་མ་གཏོགས་རྒྱ་དམར་སྲིད་གཞུང་ལ་མེད་ཅེས་ནན་བརྗོད་བྱས་འདུག ལྷན་ཚོགས་དེའི་ཐོག་ཨ་རི་གཙོས་པའི་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་དང་འབྲེལ་བའི་མི་སྣ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ཡང་ཕེབས་ནས་གསུང་བཤད་གནང་ཡོད་འདུག