03
Wed, Dec
5 རྩོམ་གསར།

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་༣༠ པ་འགོ་འཛུགས་གནང་སོང་།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡ ཉིན། བཞུགས་སྒར་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༠ པ་འགོ་འཛུགས་གནང་སོང་། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་ ༢༠༢༥ ཟླ་ ༦ ཚེས་ ༡ ཉིན། བཞུགས་སྒར་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡུམ་བདེ་སྐྱིད་ཚེ་རིང་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་ཀྱི་༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་ ༣༠ པ་འགོ་འཛུགས་གནང་སོང་། རྩེད་འགྲན་འདིའི་ནང་བལ་ཡུལ་དང་རྒྱ་གར་གཉིས་ནས་ཁྱོན་བོད་པའི་རུ་ཁག་༡༦ ནས་མཉམ་ཞུགས་གནང་འདུག

དེ་ཡང་། གོང་ཚེས་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༢ པའི་ཐོག བཞུགས་སྒར་དྷ་སྟེང་བོད་ཁྱིམ་རྩེད་ཐང་དུ་། ༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ཐེངས་༣༠ པའི་དབུ་འབྱེད་མཛད་སྒོ་ཞིག་ཚོགས་སོང་། མཛད་སྒོའི་སྐུ་གཙོ་བོ་ནི་སྲིད་ཚབ་རྒྱ་རི་སྒྲོལ་མ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་སྒྲོལ་མ་མཆོག གཞན་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་སོགས་རེད་འདུག

༸རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་རྐང་སྤོལ་རྩེད་འགྲན་ནི་ཕྱི་ལོ་༡༩༨༡་ནས་བཟུང་ལོ་རྟག་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡུམ་བདེ་སྐྱིད་ཚེ་རིང་མཆོག་ལ་བཀའ་དྲིན་རྗེས་དྲན་ཞུ་ཆེད་རྩེད་ཀྱི་ཡོད་ཅིང་། འདིའི་རྩེད་འགྲན་ནི་ཐེངས་༣༠་པ་དེ་རེད་འདུག དམིགས་ཡུལ་གཙོ་བོ་ནི་བོད་པའི་གཞོན་སྐྱེས་རྐང་རྩེད་སྤོ་ལོ་བ་སྐྱེད་སྲིང་དང་རྒྱལ་སྤྱིའི་ཐོག་བོད་པའི་རྐང་རྩེད་སྤོ་ལོ་རྩེད་འགྲན་པ་ཐོན་ཐབས་དང་གཞོན་སྐྱེས་དབར་མཐུན་སྒྲིལ་ཡོང་ཐབས། དེ་བཞིན་རྩེད་འགྲན་འདི་བརྒྱུད་ནས་བོད་དོན་གོ་རྟོགས་སྤེལ་ཐབས་སོགས་ཡིན་འདུག

བོད་པའི་རུ་ཁག་༡༦ ནི་མོན་གྷོ་འདོད་རྒུ་གླིང་རྐང་སྤོལ་རུ་ཁག བོད་ཁྱིམ། སིམ་ལ་རྐང་སྤོལ་རུ་ཁག དོན་འགྲུབ་གླིང་རྩེད་སྤོ་ལོ་རུ་ཁག བདེ་སྐྱིད་སླར་གསོ་རྐང་སྤོལ་རུ་ཁག ཀོ་ལེ་གྷལ་དོན་ལྡན་གླིང་རྐང་སྤོལ་རུ་ཁག སྦིར་ཅོན་ཏཱ་ར་བཀྲིས་ལྗོངས་ཆིག་སྒྲིལ་རྐང་སྤོལ་རུ་ཁག གོ་ལ་ཐ་ལ་རྐང་སྤོལ་རུ་ཁག སྤོལ་ཊ་ཆོས་གསུམ་རྐང་སྤོལ་རུ་ཁག ལྡི་ལི་བོད་སྒར་བསམ་ཡས་གླིང་རྐང་སྤོལ་རུ་ཁག བཞུགས་སྒར་ཆིག་སྒྲིལ་རྐང་སྤོལ་རུ་ཁག བཀྲིས་གླིང་པོ་ཏ་ལ་རྐང་སྤོལ་རུ་ཁག ཏི་ཛུ་དར་རྒྱས་གླིང་རྐང་སྤོལ་རུ་ཁག ཀཊ་མན་ཌུ་ཀིང་རྐང་སྤོལ་རུ་ཁག མེའོ་ཆོས་འཕེལ་གླིང་རྐང་སྤོལ་རུ་ཁག ཧོན་སུར་རབ་རྒྱས་གླིང་རྐང་སྤོལ་རུ་ཁག་བཅས་རེད་འདུག

ཐེངས་འདིའི་རྩེད་འགྲན་ཐོག་མ་ནི་མོན་གྷོ་འདོད་རྒུ་གླིང་རུ་ཁག་དང་། པོན་ཊ་ཆོལ་གསུམ་རུ་ཁག་བར་རྩེད་འགྲན་གནང་ནས་སྤོ་ལོ་༡ དང་༡ བཅས་ཐོབ་ནས་གཅིག་པ་ཆགས་སོང་། རྩེད་འགྲན་ནི་ཟླ་འདིའི་ཚེས་༡་ནས་༡༡་བར་ཁྱོན་ཉིན་བཅུ་གཅིག་རིང་རྩེད་རྒྱུ་ཡིན་འདུག