22
Sun, Nov
8 New Articles

བོད་སྦྲ་ཆེན་ས་ཡོམ་ཁྲོད་ཤི་རྨས་བྱུང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་མར་མེ་ཁྲོམ་སྐོར།

ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༢༣ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་བོད་སྦྲ་ཆེན་ས་ཡོམ་ཁྲོད་ཤི་རྨས་བྱུང་བའི་བོད་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་སྐྱིད་སྡུག་མཉམ་མྱོང་གི་མར་མེ་ཁྲོམ་སྐོར། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༦ ཟླ་༡༠ ཚེས་༢༣ ཉིན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག དྷ་རམ་སའི་བོད་མི་ཚོས་བོད་ཁམས་སྦྲ་ཆེན་རྫོང་དུ་ས་ཡོམ་གོ་ཆགས་ཁྲོད་འདས་གྲོངས་ཕྱིན་པ་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་བཞུགས་སྒར་དྷ་རམ་སའི་སྤྱི་ཐང་ནས་གཙུག་ལག་ཁང་གི་དཔའ་བོ་རྡོ་རིང་བར་གནང་སོང་། སྐབས་དེར་གཞོན་ནུ་ཡིས་བོད་ཀྱི་ཁོར་ཡུག་ནི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་བདེ་འཇགས་དང༌། མི་མང་ས་ཡ་མང་པོའི་འཚོ་གནས་དང་ཚེ་སྲོག་ལའང་འབྲེལ་བ་ཆགས་ཡོད་པས་རྒྱ་དམར་སྲིད་གཞུང་ནས་ངེས་པར་འགན་འཁུར་དགོས་པ་མ་ཟད། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་ངེས་པར་གཅེས་སྲུང་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

དེ་ཡང་གོང་ཚེས་ཉིན་གྱི་ཕྱི་རོལ་ཆུ་ཚོད་༥།༣༠ ཐོག དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་། ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས། དེ་བཞིན་ལྡི་ལི་རོ་ཧི་ནེ་གཞོན་ནུ་ལྷན་ཚོགས་བཅས་ཀྱི་གོ་སྒྲིག་འོག བོད་ཁམས་ནག་ཆུ་སྦྲ་ཆེན་རྫོང་དུ་ས་ཡོམ་གོ་ཆགས་ཁྲོད་འདས་གྲོངས་ཕྱིན་པ་དང་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མར་མེ་ཁྲོམ་སྐོར་ཞིག་བཞུགས་སྒར་དྷ་རམ་སའི་སྤྱི་ཐང་ནས་གཙུག་ལག་ཁང་གི་དཔའ་བོ་རྗེས་དྲན་རྡོ་རིང་བར་གནང་སོང་། དཔའ་བོ་རྗེས་དྲན་རྡོ་རིང་མདུན་དུན་མཇུག་བསྡོམས་བྱེད་སྒོ་ཞིག་ཚོགས་སོང་།

སྐབས་དེར། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲང་ཆེ་བློ་བཟང་བསྟན་འཛིན་ལགས་ཀྱིས་གཞོན་ལྷན་གྱི་བསྒྲགས་གཏམ་ཀློག་དོན། ཕྱི་ལོ་ ༢༠༢༦ ཟླ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོའི་ཆུ་ཚོད་༡༠།༣༣ ཙམ་ལ་བོད་ནག་ཆུ་སྦྲ་ཆེན་རྫོང་ཁོངས་སུ་གློ་བུར་དུ་ས་ཡོམས་འགུལ་ཚད་རིམ་པ་ ༧ ཅན་ཞིག་བརྒྱབ་སྟེ་འབྱུང་བའི་གོད་ཆགས་ཆེན་པོ་ཞིག་བྱུང་ནས་བློ་ཕམ་དང་ཡིད་སྐྱོའི་གནས་ཚུལ་བྱུང་ཡོད་པ་དང་། ད་བར་རྒྱལ་སྤྱིའི་ གསར་ཁང་སོགས་གསར་ཁང་ཆེ་ཁག་ནས་གནས་ཚུལ་གོ་ཐོས་བྱུང་གསལ་ལྟར་ན་ས་ཡོམས་ཀྱི་གོད་ཆགས་ཁྲོད་མི་གྲངས་༡༦ འདས་གྲོངས་སོང་བ་དང༌། མི་གྲངས་༤༦ ཙམ་ལ་རྨས་སྐྱོན་ཕོག་ཡོད་འདུག་པ། དེ་བཞིན་ཁྱོན་ཁང་ཁྱིམ་གྲངས་༣༣༩ ལྷག་ཙམ་བརྡིབས་སྐྱོན་བྱུང་བ་སོགས་མི་རྒྱུ་ཟོག་གསུམ་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། རི་འགོ་ནས་བྲག་རྡོ་ཉིལ་ནས་གཞུང་ལམ་འགག་པ་དང༌། ལྷག་པར་ས་ཡོམས་ཀྱི་གོད་ཆགས་བྱུང་བའི་རྗེས་སུ་གྲོང་ཁུལ་གྱི་གློག་ཆད་པ། ཡུལ་མི་རྣམས་མཚན་མོ་ཁང་ཁྱིམ་ནང་ས་ཡོམས་ཀྱི་ཉེན་ཁས་ཉལ་མི་ཕོད་པ་དང༌། ཕྱི་ངོས་སུ་དོམ་དང་དྲེད་མོང་གིས་འཇིགས་པ་སོགས་མདོར་ན་འབྱུང་བའི་གོད་ཆགས་ཁྲོད་ཀྱི་ཡུལ་མི་རྣམས་ལ་དཀའ་ངལ་ཆེན་པོ་ཞིག་འཕྲད་བཞིན་ཡོད་འདུག་པར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ངོས་ནས་ཧ་ཅང་བློ་ཕམ་དང་བཅས་ཡིད་སྐྱོའི་གནས་ཚུལ་བྱུང་བར་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན། ཞེས་དང་།

ཁོང་གིས་མུ་མཐུད་ནས་བརྗོད་དོན། ས་ཡོམས་ཀྱི་འབྱུང་བའི་གོད་ཆགས་ཁྲོད་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་བོད་མདོ་དབུས་ཁམས་གསུམ་གྱི་བོད་རིགས་སྤུན་ཟླ་རྣམས་ནས་རོགས་སྐྱོར་དུ་ཡོང་སྐབས། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བཀག་འགོག་བྱས་ཡོད་འདུག་པ་དེར་ངོ་རྒོལ་སྐྱོན་བརྗོད་མཐའ་གཅིག་ཏུ་བྱ་རྒྱུ་དང༌། དེ་འདྲ་བའི་བོད་གངས་ལྗོངས་ས་མཐོར་འབྱུང་བའི་གོད་ཆགས་ཚབས་ཆེན་ཕོག་དགོས་དོན་གཙོ་བོ་ནི། རྒྱ་ནག་དམར་པོའི་སྲིད་གཞུང་གིས་བོད་ས་བཙན་འཕྲོག་བྱས་པ་ནས་བཟུང་ད་བར་བོད་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་གཏོང་ཐབས་བྱས་པ་མ་ཟད། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལའང་གཏོར་སྐྱོན་ཚབས་ཆེན་བཏང་བ་སོགས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་དང༌། བོད་ཀྱི་ཁོར་ཡུག་ནི་ཨེ་ཤེ་ཡའི་རྒྱལ་ཁབ་མང་པོའི་བདེ་འཇགས་དང༌། མི་མང་ས་ཡ་མང་པོའི་འཚོ་གནས་དང་ཚེ་སྲོག་ལའང་འབྲེལ་བ་ཆགས་ཡོད་པས་རྒྱ་དམར་སྲིད་གཞུང་ནས་ངེས་པར་འགན་འཁུར་དགོས་པ་མ་ཟད། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་ངེས་པར་གཅེས་སྲུང་དགོས་པའི་ནན་བརྗོད་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

སྐབས་དེར། ཕ་ཡུལ་སྦྲ་ཆེན་ནས་ཡིན་པའི་ལས་ཐོག་སྤྱི་འཐུས་ཨ་ཀྲོང་རིན་ཆེན་རྒྱ་མཚན་ལགས་ཀྱིས་ས་ཡོམ་གོ་ཆགས་ཁྲོད་མི་རྒྱུ་སོག་གསུམ་ལ་གནོན་སྐྱོན་ཅི་བྱུང་དང་། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་རྣམས་ཕྱིར་བརྗོད་ཀྱི་མེད་སྐོར་སོགས་གསུངས་སོང་།