ཕྱི་ལོ་༢༠༢༥ ཟླ་༡༠ ཚེས་༡༠ ཉིན། ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཚོགས་པ་ནས་འདི་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཝེ་ནི་ཙེ་ལའི་(Venezuela)་བུད་མེད་མཱ་རི་ཡ-ཀོ་རི་ན-མཱ་ཤ་སྒྲོ་(Maria Corina Machado) ལ་གནང་རྒྱུའི་གསལ་བསྒྲགས་སྤེལ་སོང་། དེ་ཡང་ཁོང་མོས་ཞི་བའི་སྒོ་ནས་དམངས་གཙོའི་ཐོབ་ཐང་དང་རང་དབང་རྩོད་ལེན་བྱས་པར་བརྟེན་ནས་གཟེངས་རྟགས་འདི་ཐོབ་ཚུལ་བརྗོད། ཁོ་མོས་ཝེ་ནི་ཙེ་ལ་ནང་དུ་དམངས་གཙོའི་ཐོབ་ཐང་དང་རང་དབང་རྩོད་ལེན་བྱས་ཤིང་། ཞི་བའི་ཐོག་ནས་རྒྱལ་ཁབ་དེའི་སྲིད་དབང་སྒེར་འཛིན་པའི་གཞུང་དམངས་གཙོའི་གཞུང་དུ་སྒྱུར་ཐབས་ཀྱི་འབད་བརྩོན་ལྷོད་མེད་གནང་ཡོད་འདུག
དེ་ཡང་། གོང་ཚེས་ཉིན། འཛམ་གླིང་གསར་འགྱུར་མང་དག་ཅིག་གིས་ཨ་རིའི་སྲིད་འཛིན་ཊོམ་ལ་ནོ་སྦེལ་གཟེངས་རྟགས་ཐོབ་མིན་ཐད་བགྲོ་གླེང་ཚ་བོ་བྱེད་པའི་སྐབས་སུ། གསར་འགོད་པ་ཞིག་གིས་སྲིད་འཛིན་ཊོམ་ལ་གཟེངས་རྟགས་དེ་ཐོབ་ཀྱི་རེད་དམ་འདྲི་སྐབས། ནོ་སྦེལ་གཟེངས་རྟགས་ཚོགས་པའི་འགན་འཛིན་ཡོ་གྷན-ཝ་ཏི་ནེ-ཧྥི་རད་ཌི་ནེ་སི (Jorgen Watne Frydnes)་ཡིས་ནོ་སྦེལ་ཞི་བདེ་གཟེངས་རྟགས་དངོས་གནས་དམངས་གཙོ་དང་རང་དབང་། ཞི་བདེའི་ཆེད་དུ་འབད་རྩོད་གནང་མཁན་གྱི་མི་དག་ལ་ཐོབ་ཀྱི་རེད། ཅེས་བརྗོད་སོང་། དེ་ནས་ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཚོགས་པ་ནས་ཕྱི་ལོ་༢༠༢༥་ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཝེ་ནི་ཙེ་ལའི་(Venezuela)་བུད་མེད་མཱ་རི་ཡ-ཀོ་རི་ན-མཱ་ཤ་སྒྲོ་(Maria Corina Machado) ལ་གནང་རྒྱུའི་གསལ་བསྒྲགས་སྤེལ་སོང་།
ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཝེ་ནི་ཙེ་ལའི་(Venezuela)་བུད་མེད་མཱ་རི་ཡ-ཀོ་རི་ན-མཱ་ཤ་སྒྲོ་(Maria Corina Machado)་ནི་ཕྱི་ལོ་༢༠༢༤ ཁ་གཏད་ཚོགས་པའི་སྲིད་འཛིན་འོས་མི་ཡིན་འདུག ཁོང་མོས་དེ་སྔོན་དམངས་གཙོ་ཚོགས་པ་ཁག་ཁ་ཐོར་བསྡད་ཡོད་པའི་ཚོགས་པ་རྣམས་ཆིག་སྒྲིལ་གནང་། དེ་ནས་ཁོང་མོའི་ཤུགས་རྐྱེན་ཆེ་རུ་འགྲོ་བཞིན་པའི་སྐབས། སྲིད་དབང་སྒེར་འཛིན་པ་ཚོས་མོ་སྲིད་འཛིན་འོས་མི་ཕྱིར་འབུར་བཏང་ཡོད་འདུག དེ་ནས་མོ་ཆབ་སྲིད་ཚོགས་པ་གཞན་ལ་རྒྱབ་སྐྱོར་བྱས་ཡོད་འདུག ཕྱི་ལོ་༢༠༠༢་ལོར་ཁོང་མོས་རྒྱལ་ཁབ་དེའི་ནང་དུ་རང་དབང་དང་དྲང་བདེན་གྱི་འོས་བསྡུ་ཡོང་ཆེད་ཚོགས་པ་(Súmate)་ཞིག་བཙུགས་ནས་འོས་བསྡུ་སྐོར་ཟབ་སྦྱོང་སྤྲད་ཡོད་འདུག ཕྱི་ལོ་༢༠༡༠་ལོར་ཁོང་མོ་གྲོས་ཚོགས་འཐུས་མིར་འོས་འདེམས་བྱུང་འདུག འོན་ཀྱང་། སྲིད་དབང་སྒེར་འཛིན་པ་ཚོས་མོ་ཕྱིར་འབུར་བཏང་འདུག གཞན་ཡང་། ཁོང་མོས་ཕྱི་ལོ་༡༩༩༢་ལོར་ཚོགས་པ་(Atenea Foundation) ཞིག་བཙུགས་ནས་སྲང་ལམ་གྱི་བྱིས་པ་བདག་མེད་ཚོར་རོགས་རམ་བྱས་ཡོད་འདུག
མཱ་རི་ཡ-ཀོ་རི་ན-མཱ་ཤ་སྒྲོ་(Maria Corina Machado)་ཡིས་ཝེ་ནི་ཙེ་ལ་ནང་དུ་དམངས་གཙོའི་ཐོབ་ཐང་དང་རང་དབང་རྩོད་ལེན་བྱས་པ་དང་། ཞི་བའི་ཐོག་ནས་རྒྱལ་ཁབ་དེའི་སྲིད་དབང་སྒེར་འཛིན་པའི་གཞུང་དམངས་གཙོའི་གཞུང་དུ་སྒྱུར་ཐབས་ཀྱི་འབད་བརྩོན་ལྷོད་མེད་གནང་ཡོད་བརྟེན། ནོར་ཝེ་ནོ་སྦེལ་གཟེངས་རྟགས་ཚོགས་པ་ནས་འདི་ལོའི་ཞི་བདེ་གཟེངས་རྟགས་གནང་ཚུལ་བརྗོད་སོང་།