03
Wed, Dec
5 རྩོམ་གསར།

༸གོང་ས་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་བཞུགས་སྒར་དྷ་སའི་མི་མང་ལ་བསྟན་གནང་སོང་།

ཕྱི་ལོ་༢༠༢༥ ཟླ་༧ ཚེས་༥ ཉིན། བདེ་བ་ཚང་རྡོ་རྗེ་དབང་འདུས། སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག འཁྲབ་ཁྲིད་པ་གཞན་ཕན་ཁྱིམ་གསར་ལགས། གློག་བརྙན་འཁྲབ་སྟོན་པ་རི་ཆར་གྷེར་ལགས། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བདེ་སྲུང་བཀའ་བློན་རྒྱལ་རི་སྒྲོལ་མ་མཆོག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༧ ཚེས་༥ ཉིན་གྱི་ཕྱི་དྲོར། སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་དང་བསྟུན་ནས་ཆུ་བཞི་སྒང་དྲུག་གི་གློག་བརྙན་བཞུགས་སྒར་དྷ་སའི་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བསྟན་གནང་སོང་། སྐབས་དེར། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་དང་བོད་དོན་རྒྱབ་སྐྱོང་བ་རི་ཆར་གྷེར་ལགས་དང་། ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་སྒྲོལ་མ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། རྒྱ་གར་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཏ་པིར-གྷོ་(Tapir Gao)་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། བོད་མི་མང་སྤྱི་འཐུས་གཙོས་པའི་མི་མང་ཧ་ཅང་མང་པོ་ཕེབས་གནང་འདུག

དེ་ཡང་། གོང་ཚེས་ཉིན་གྱི་དགོང་དྲོ་ཆུ་ཚོད་༤ པའི་ཐོག ཆུ་བཞི་སྒང་དྲུག་ཅེས་པའི་གློག་བརྙན་བཞུགས་སྒར་དྷ་སའི་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ་བསྟན་གནང་སོང་། སྐབས་དེར། ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་དང་བོད་དོན་རྒྱབ་སྐྱོང་བ་རི་ཆར་གྷེར་ལགས་དང་། ཨ་རུ་ན་ཅལ་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ཁྲིམས་ཞིབ་པ་ཆེ་བ་ཡེ་ཤེས་སྒྲོལ་མ་མཆོག བདེ་སྲུང་བཀའ་བློན་རྒྱལ་རི་སྒྲོལ་མ་མཆོག ཚོགས་གཞོན་སྒྲོལ་མ་ཚེ་རིང་ལགས། རྒྱ་གར་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ་ཏ་པིར-གྷོ་(Tapir Gao)་ལགས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས། བོད་མི་མང་སྤྱི་འཐུས་གཙོས་པའི་མི་མང་ཧ་ཅང་མང་པོ་ཕེབས་གནང་འདུག

ཐོག་མར། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་རྒྱལ་ཁབ་ཀྱི་ལོ་རྒྱུས་ཤེས་རྟོགས་དགོས་པ་ཧ་ཅང་གལ་ཆེན་པོ་རེད། གློག་བརྙན་ནི་མི་མང་པོ་ལྟ་མཁན་ཡོད་ཙམ་ལོ་རྒྱུས་ལྡན་པའི་གློག་བརྙན་འདི་ལྟ་བུ་ནི་མི་རྣམས་ལ་ལོ་རྒྱུས་གོ་རྟོགས་དང་བོད་དོན་གོ་རྟོགས་སྤེལ་བར་ཕན་ཐོགས་ཆེན་པོ་ཡོད་རེད་གསུངས་སོང་།

དེ་ནས་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་སྐད་གྲགས་ཅན་དང་བོད་དོན་རྒྱབ་སྐྱོང་བ་རི་ཆར་གྷེར་ལགས་ནས་ཆུ་བཞི་སྒང་དྲུག་གློག་བརྙན་བཟོ་བསྐྲུན་པ་གཞན་ཕན་ལ་བསྔགས་བརྗོད་དང་འབྲེལ་གློག་བརྙན་འདི་ལྟ་བུ་བཟོ་རྒྱུ་ཧ་ཅང་ཁག་པོ་ཡོད་སྐོར་དང་། འོན་ཀྱང་ཁོང་གིས་དཀའ་ལས་སྐྱོན་ནས་བཟོ་ཐུབ་པ་བྱུང་ཡོད་པར་འཚམས་འདྲི་ཞུས་སོང་།

དེ་ནས་གློག་བརྙན་བཟོ་བསྐྲུན་པ་གཞན་ཕན་གཏམ་བཤད་གནང་དོན། འདི་ནི་ང་ཚོ་ཚང་མའི་གློག་བརྙན་ཡིན། ང་ཚོས་མཉམ་རུབ་བྱས་ནས་ལས་ཀ་བྱས་ནས་རྒྱ་དམར་གཞུང་ལ་ཁ་གཏད་གཅོད་དགོས། ཁོ་ཚོས་ང་ཚོའི་རྒྱལ་ཁབ་བཙན་བཟུང་བྱས་པ་མ་ཟད་། ང་ཚོའི་དགོན་པ་གཏོར་བ་དང་གཏེར་རྫས་རྐུས་པ་རེད། ད་དུང་ང་ཚོའི་དབུ་ཁྲིད་ལ་ཁ་བྲལ་པ་ཞེས་བརྗོད་ཀྱི་ཡོད་རེད། ཁོ་ཚོ་དེ་འདྲའི་བློ་ཁོག་གང་ནས་སླེབས་པ་རེད། ཁོ་ཚོས་ང་ཚོར་དགོངས་དག་ཞུ་དགོས་ཡོད་རེད། ང་ཚོས་མུ་མཐུད་ནས་རང་ཉིད་རྒྱལ་ཁབ་ཆེད་འཐབ་རྩོད་གནང་རྒྱུ་དང་བོད་དེ་རྒྱ་དམར་ལག་ནས་ཚུར་ལེན་དགོས་ཡོད། ཅེས་གསུངས་སོང་།

གློག་བརྙན་དེའི་ནང་རྒྱ་དམག་གིས་བོད་བཙན་བཟུང་བྱེད་སྐབས་རང་ཉིད་ཀྱི་རྒྱལ་ཁབ་བོད་སྲུང་སྐྱོབ་བྱེད་ཆེད་ཆུ་བཞི་སྒང་དྲུག་གི་བསྟན་སྲུང་དང་ལངས་དམག་མི་ཚོས་ཕར་རྒོལ་དྲག་པོ་བྱས་པའི་རྣམ་པ་དང་། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་བོད་ནས་བཙན་བྱོལ་དུ་ཕེབས་སྐབས་སྐུ་སྲུང་བྱས་ནས་རྒྱ་གར་ས་མཚམས་ལ་བདེ་འཇགས་ངང་སྐྱེལ་མ་བྱས་རྗེས། བོད་མི་དེ་ཚོ་ཕྱིར་རང་སར་ལོག་ནས་རྒྱ་དམག་དང་མཉམ་དུ་འཐབ་འཛིང་བྱས་པའི་རྣམ་པ་སོགས་བསྟན་གནང་འདུག སྐབས་དེར་ལྟ་མོ་ལྟ་མཁན་མང་པོ་ཞིག་གི་མིག་ནང་མཆི་མ་གང་འདུག སེམས་སྐྱོ་བ་དང་སྤོབས་པ་སྐྱེས་པ་སོགས་ཚོར་བ་སྣ་ཚོགས་ཤིག་སྐྱེས་ཡོད་སྐོར་འགྲེལ་བརྗོད་གནང་སོང་།