བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་སྤྱི་མོས་ནས་གཏན་འབེབས་གནང་སོང་།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༢༣ ཉིན། སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་བདུན་པའི་ཐོག བོད་མི་མང་སྤྱི་འཐུས་རྣམ་པས་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་འཆར་སྤྱི་མོས་ནས་གཏན་འབེབས་གནང་སོང་། སྐབས་དེར། བོད་བསྟན་སྲིད་མི་རིགས་ཀྱི་ཆེད་ལུས་སྲོག་ལོངས་སྤྱོད་དང་བཅས་པ་བློས་བཏང་གནང་བའི་བོད་ཀྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་སྙིང་སྟོབས་དང་ཆོད་སེམས་ལ་ཡི་རངས་དང༌། བོད་ལ་འཛིན་པའི་སྲིད་བྱུས་ལ་འགྱུར་བ་ངེས་པར་དུ་གཏོང་དགོས། ཞེས་གསུངས་སོང་།