བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་པོ་འགོ་འཛུགས་གནང་སོང་།
ཕྱི་ལོ་༢༠༢༦ ཟླ་༢ པའི་ཚེས་༡ ཉིན། འཛམ་གླིང་རྒྱལ་ཁབ་ཉེར་བདུན་ནང་གི་བོད་མི་ཚོས་ཚ་ཚ་འུར་འུར་ངང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་། སྐབས་༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་འོས་མི་རྣམས་ལ་སྔོན་འགྲོའི་འོས་འཕེན་གནང་སོང་། བཞུགས་སྒར་དྷ་སའི་རྒན་གཞོན་དར་གསུམ་གྱིས་རང་འགན་རང་འཁྱེར་གནང་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དང་སྤྱི་འཐུས་འོས་མི་རྣམས་ལ་འོས་བསྡུ་བྱ་ཡུལ་ས་ཚིགས་བཅུ་གཅིག་ནས་འོས་བླུགས་གནང་སོང་།