18
Thu, Dec
8 རྩོམ་གསར།

བོད་དམག་ཟུར་པ་གཉིས་ནས་བོད་དོན་འཕྲུལ་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་སོང་།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༠ ཉིན། དྷ་ས་དཔའ་བོ་དཔའ་མོ་རྡོ་རིང་མདུན། བོད་དམག་ཟུར་པ་དང་བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་དང་། བོད་དམག་ཟུར་པ་དང་སྦིར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བློ་གྲོས་དཔལ་ལྡན། པར། རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན།

བཙན་བྱོལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༥ ཟླ་༡༢ ཚེས་༡༠ ཉིན། བོད་དམག་ཟུར་པ་གཉིས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༦ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་དོན་འཕྲུལ་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་སོང་། ལས་འགུལ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་དང་། རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན། བོད་ནང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་གཏོང་བཞིན་ཡོད་པའི་སྐོར་གོ་རྟོགས་ལས་འགུལ་དང་རྒྱ་གར་གཞུང་ལ་རྒྱ་གར་གྱི་ས་མཚམས་བོད་ཡིན་པ་ལས་རྒྱ་ནག་མིན་པའི་པའི་ལོ་རྒྱུས་དེ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

དེ་ཡང་། གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡།༣༠ ཐོག བོད་དམག་ཟུར་པ་བློ་གྲོས་དཔལ་ལྡན་དང་འཇམ་དབྱངས་བསྟན་འཛིན་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་མཛད་ནས་མི་ལོ་༣༦ འཁོར་བའི་དུས་དྲན་དང་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བཞུགས་སྒར་དྷ་ས་དཔའ་བོ་དཔའ་མོ་རྡོ་རིང་མདུན་ནས་བོད་དོན་འཕྲུལ་རྟ་སྐོར་བསྐྱོད་ཀྱི་ལས་འགུལ་ཞིག་འགོ་བརྩམས་སོང་། ལས་འགུལ་འདི་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་དང་། རྒྱ་གར་གཞུང་དམངས་གཉིས་ལ་བཀའ་དྲིན་རྗེས་དྲན། བོད་ནང་རྒྱ་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་གཏོང་བཞིན་ཡོད་པའི་སྐོར་གོ་རྟོགས་ལས་འགུལ་དང་རྒྱ་གར་གཞུང་ལ་རྒྱ་གར་གྱི་ས་མཚམས་བོད་ཡིན་པ་ལས་རྒྱ་ནག་མིན་པའི་པའི་ལོ་རྒྱུས་དེ་ངོས་འཛིན་བྱེད་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

བོད་དོན་ལས་འགུལ་བ་དང་དེ་སྔོན་ཐེངས་བདུན་ལ་བོད་དོན་རྐང་འཁོར་སྐོར་བསྐྱོད་འགྲོ་མཁན་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ངེད་གཉིས་ནི་དེ་སྔ་རྒྱ་གར་གྱི་ས་མཚམས་སྲུང་སྐྱོབ་ཀྱི་དམག་མི་ཟུར་པ་དང་སྦིར་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་བློ་གྲོས་དཔལ་ལྡན་དང་། དྷེ་ར་དྷུན་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་གྱི་གཞིས་མི་དང་རྒྱ་གར་ས་མཚམས་སྲུང་སྐྱོབ་ཀྱི་དམག་མི་ཟུར་པ་འཇམ་དབྱངས་བསྟན་འཛིན་གཉིས་ཡིན། འདི་ནི་རྒྱ་གར་རྒྱལ་ཡོངས་སྦག་སྦག་སྐོར་བསྐྱོད་ལས་འགུལ་ཞིག་ཡིན་པ་དང༌། འདིའི་དམིགས་ཡུལ་གཙོ་བོ་ནི། ༸གོང་ས་མཆོག་གི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་རྒྱུ་དང༌། རྒྱ་གར་ལ་སྙིང་ཐག་པ་ནས་བཀའ་དྲིན་རྗེས་དྲན་ཞུ་རྒྱུ། དགྲ་བོ་རྒྱ་དམར་སྲིད་གཞུང་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་དྲག་གནོན་ལ་ངོ་རྒོལ་དང་། རྒྱ་གར་གཞུང་ནས་བོད་ནི་ལོ་རྒྱུས་ཐོག་རང་བཙན་གྱི་རྒྱལ་ཁབ་ཅིག་ཡིན་པ་ངོས་འཛིན་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་བཅས་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་ལས་འགུལ་འདི་ནི་བདེན་པ་སྲུང་སྐྱོབ་དང༌། བོད་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ། རྒྱ་བོད་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཤུགས་ཆེར་གཏོང་རྒྱུའི་ལས་འགུལ་ཞིག་ཡིན། ཞེས་བརྗོད་སོང་།

ཁོ་གཉིས་ཀྱི་གསར་འགོད་བསྒྲགས་གཏམ་ནང་དུ་འཁོད་དོན། ཕྱི་ལོ་༢༠༢༥ ནི་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དགུང་གྲངས་༩༠ ་པེབས་ཀྱི་ཡོད་པར་བརྟེན། འཛམ་གླིང་ཡོངས་ལ་བྱམས་བརྩེའི་ལོ་ཞེས་དགའ་སྟོན་སྲུང་བརྩི་ཞུ་བཞིན་ཡོད། ༸གོང་ས་མཆོག་གི་སྙིང་རྗེ་དང་། འཚེ་མེད་ཞི་བ། འཛམ་གླིང་གི་འགན་འཁུར་སོགས་རླབས་ཆེན་གྱི་བཀའ་སློབ་ནི་ཉག་འཕྲའི་དུས་སྐབས་འདིར་ལམ་སྟོན་གྱི་སྒྲོན་མེ་ལྟ་བུ་ཞིག་ཡིན། འཛམ་གླིང་ཡོངས་ནས་༸རྒྱལ་བ་རིན་པོ་ཆེ་སྐུ་ཚེ་རིང་པོ་བཞུགས་པའི་སྨོན་ལམ་དང་། འཛམ་གླིང་ཞི་བདེ། སྤྱི་ཚོགས་དང་མི་རིགས་འཕེལ་རྒྱས་ཀྱི་དོན་དུ་གནང་བའི་མཛད་རྗེས་ལ་བཀུར་སྟི་ཞུ་བཞིན་ཡོད། ཅེས་དང་།

ཕྱི་ལོ་༡༩༥༩ ལོར་རྒྱ་ནག་གིས་བོད་ལ་དམག་འཐབ་དང་བཙན་འཛུལ་བྱས་རྗེས་བོད་མི་ཚོས་རྒྱ་གར་དུ་སྐྱབས་བཅོལ་བཞུས་པ་ནས་ད་བར་ལོ་དྲུག་ཅུ་ལྷག་འགོར་ཡོད། ལོ་ངོ་དེ་དག་གི་རིང་རྒྱ་གར་གྱིས་བདེ་འཇགས་དང་བཀུར་སྟི། རང་དབང་སྤྲད་པར་བོད་མི་ཚོར་རང་གི་ཚོགས་པ་སྒྲིག་འཛུགས་བསྐྱར་འཛུགས་བྱེད་པའི་གོ་སྐབས་སྤྲད་པ། བོད་ཀྱི་རིག་གཞུང་། སྐད་ཡིག ཆོས་ལུགས། ངོ་བོ་བཅས་ཉར་ཚགས་ལ་རྒྱབ་སྐྱོར་གནང་བ། གནས་སྡོད་ས་ཆ་དང༌། སློབ་གྲྭ། ཚོགས་སྡེ་སོགས་ཀྱི་དོན་དུ་ས་གནས་སྤྲད་པ། བོད་མི་ཚོར་བཙན་བྱོལ་དུ་མང་གཙོའི་འཛིན་སྐྱོང་འཛུགས་སྐྲུན་གནང་བའི་གོ་སྐབས་སྤྲད་པ། བོད་མི་སྤྱི་སྒེར་ཡོངས་ནས་རྒྱ་གར་གྱི་ཡུན་རིང་གཏོང་ཕོད་ཆེན་པོས་དང་རྒྱབ་སྐྱོར་བརྟན་པོ་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་དང་རྟག་ཏུ་བཀའ་དྲིན་རྗེས་དྲན་ཞུ་བཞིན་ཡོད། ཅེས་དང་།

བོད་ནང་དུ་རྒྱ་ནག་གིས་བོད་ཀྱི་ངོ་བོ་རྩ་མེད་བཟོ་བའི་ཆེད་དུ་དྲག་གནོན་དང་སྡུག་རྩུབ་ཅན་གྱི་སྲིད་བྱུས་སྤེལ་མུས་ཡིན་པས་བོད་མི་རྣམས་ཀྱིས་སེམས་ཚབ་བྱེད་དགོས་པའི་གནད་དོན་གཙོ་བོ་གཤམ་གསལ་འདི་དག་ཚུད་ཡོད། བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་ཙམ་ལོ་བཞི་དང་ལྔ་ལས་མ་སོན་པའི་བྱིས་པ་རྣམས་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་བཙན་ཁྲིད་ཀྱིས་ཆེད་འཛུགས་བྱས་པའི་བཅའ་སྡོད་སློབ་གྲྭའི་ནང་བཙན་འཇུག་བྱས་ཏེ། ཁོང་ཚོ་བཙན་ཤེད་ཀྱིས་རང་གི་ཁྱིམ་ཚང་དང༌། རིག་གཞུང༌། ཆོས་ལུགས། མ་སྐད་བཅས་ནས་ཁ་བྲལ་གཏོང་བཞིན་ཡོད། བོད་ཀྱི་སྐད་ཡིག་དང༌། ཆོས་ལུགས། རིག་གཞུང་སློབ་གཉེར་བྱ་རྒྱུར་དཀའ་ངལ་ཆེན་པོ་བཟོ་བཞིན་ཡོད། ལྷག་པར་བཙན་ཤེད་ཀྱིས་བོད་མི་འདྲེས་སྦྱོར་དང་བོད་མིའི་ཉིན་རེའི་འཚོ་བར་དོ་དམ་སྟངས་འཛིན་བྱེད་པའི་སྲིད་བྱུས་ལ་འབད་བརྩོན་འདི་དག་གིས་བོད་མི་རིགས་ཀྱི་ངོ་བོ་མཚོན་པའི་རིག་གཞུང་དང་རྒྱལ་ཁབ་ཅིག་ཏུ་གནས་སྡོད་བྱེད་པར་འཚོ་གནས་ཀྱི་ཉེན་ཁ་ཆེན་པོ་ཞིག་བཟོ་བཞིན་ཡོད།

ང་ཚོས་རྒྱ་གར་གཞུང་དང་རྒྱ་གར་མི་མང་ལ་བོད་ཀྱི་དོན་དངོས་ལོ་རྒྱུས་ཀྱི་བདེན་པ་ཡང་བསྐྱར་ངོས་འཛིན་གནང་བར་འབོད་སྐུལ་ཞུ་བཞིན་ཡོད། ལོ་རྒྱུས་དང་རིག་གཞུང་གི་ངོས་ནས། རྒྱ་གར་བྱང་ཕྱོགས་ཀྱི་མཐའ་མཚམས་ནི་བོད་དང་མཉམ་འབྲེལ་ཡོད། རྒྱ་ནག་གིས་བོད་ལ་བཙན་འཛུལ་བྱས་རྗེས་མཐའ་མཚམས་ནས་བཙན་འཛུལ་འགོ་འཛུགས་འགོག་མི་ཐུབ་པའི་བདེན་པ་ཞིག་ཡིན། བོད་ནི་རྒྱ་ནག་གིས་བཙན་འཛུལ་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་ངོས་འཛིན་དང་རྒྱ་ནག་གི་ཆ་ཤས་མིན་པར་ངོས་འཛིན་བྱས་ན་བོད་ལ་ཕན་ཐོག་ཡོད་པ་ཙམ་མ་ཟད་རྒྱ་གར་རང་ཉིད་ལའང་ཆབ་སྲིད་དང་དཔལ་འབྱོར། རྒྱལ་ཁབ་ཀྱི་བདེ་འཇགས། ས་གནས་ཀྱི་བརྟན་ལྷིང༌བཅས་པར་འབྲེལ་བ་ཆེན་པོ་ཡོད། བོད་ལ་རང་དབང་ལྡན་པའི་རྒྱལ་ཁབ་ཡིན་ན་ད་ལྟའི་རྒྱ་དཀར་ནག་གཉིས་ཀྱི་མཐའ་མཚམས་ཀྱི་དཀའ་ངལ་རང་བཞིན་གྱིས་སེལ་ཐུབ་པ་དང་། རྒྱ་བོད་གཉིས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་ས་མཚམས་སྔར་བཞིན་སོར་ཆུད་བྱེད་ཐུབ།

དེ་ནས་ཁོ་གཉིས་ཀྱིས་རྒྱ་གར་གྱི་མི་དམངས་དང༌། བོད་དོན་རྒྱབ་སྐྱོར་བ་ཚོགས་སྡེ་ཡོངས་ལ་བདེན་པར་རྒྱབ་སྐྱོར་དང་། བོད་ཀྱི་སྙིང་རྗེ་དང་ཞི་བདེའི་ལྡན་པའི་རིག་གནས་སྲུང་སྐྱོབ། བོད་ཀྱི་ངོ་བོ་དང༌། རིག་གཞུང༌སྲུང་སྐྱོབ་ཡོང་བར་རྒྱབ་སྐྱོར། བོད་དོན་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་སོང་།