བཞུགས་སྒར་དུ་ཞི་བའི་གོམ་བགྲོད་བརྒྱུད་བོད་མིའི་རང་དབང་སྒེར་ལངས་ཉིན་མོ་ཐེངས་༦༦པ་སྲུང་བརྩི་ཞུས་སོང༌།
ཕྱི་ལོ་༢༠༢༥ ཟླ་༣ ཚེས་༡༠ ཉིན། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་པ་བཞི་ཡི་གོ་སྒྲིག་འོག བོད་ཀྱི་དགེ་འདུན་པ་དང་བཙུན་མ་གཙོས་པའི་བོད་མི་བརྒྱ་ཕྲག་འགའ་ཡིས་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་རྡ་ཤོད་ཀ་ཅ་རི་བར་དུ། བོད་ལ་རང་དབང་དགོས། བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་མི་དམར་གསོད་གཏོང་བར་མཚམས་འཇོག་དགོས།