29
Mon, Apr

ཕྱི་ལོ་༢༠༢༣ ཟླ་༩ པའི་ནང་དུ། ༸གོང་ས་མཆོག་གིས་སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་མི་རྣམས་མཇལ་ཁ་གནང་སྐབས་ཀྱི་པར། པར། ༸རྒྱལ་བ་རིན་པོ་ཆེའི་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༡༢ ཚེས་༦ ཉིན་སྤེལ། ཉེ་ཆར་སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྭི་ཌན་གྲོས་ཚོགས་སུ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། ༸གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན། ད་དུང་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཕྱོགས་སྐོར་བཅས་དང་འབྲེལ་བའི་གྲོས་འཆར་བཏོན་འདུག

དེ་ཡང་། ཉེ་ཆར་སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་སྭི་ཌན་གྲོས་ཚོགས་སུ་བོད་དོན་དང་འབྲེལ་བའི་གྲོས་འཆར་གསུམ་བཏོན་གནང་ཡོད་ཅིང་། དེ་དག་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་དང་འབྲེལ་བའི་གནད་དོན་དང་། སྭི་ཌན་གཞུང་ནས་རྒྱ་ནག་གཞུང་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། མི་སེར་སྤེལ་ཡུལ་གྱི་གཏན་འཇགས་སློབ་གྲྭར་བོད་ཕྲུག་རྣམས་བཙན་འཇུག་བྱས་པ། བོད་མིའི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་སླར་ཡང་མུ་མཐུད་རྒྱུར་འབྲེལ་མོལ་གནང་རྒྱུའི་སྐོར། ད་དུང་སྭི་ཌན་གཞུང་ནས་ཡུ་རོབ་མཐུན་ཚོགས་དང་མཉམ་ལས་ཀྱིས་ཡུ་རོབ་མཐུན་ཚོགས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཕྱོགས་སྐོར་བཅས་རེད་འདུག

སྤྱིར་ཕྱི་ལོ་༢༠༢༣ ཟླ ༩ ཚེས་༢ ཉིན་བོད་ཀྱི་མང་གཙོ་ཉིན་མོ་ཉིན། སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མར་གྷ་རེ་ཊ་ (Margareta Cederfelt) ལགས་ཀྱིས་སྣེ་ཁྲིད་འོག་གྲོས་ཚོགས་འཐུས་མི་བཅུ་གཅིག་བོད་མིའི་མང་གཙོའི་དུས་ཆེན་གྱི་གཞུང་འབྲེལ་མཛད་སྒོའི་སྐུ་མགྲོན་དུ་གདན་ཞུ་གནང་ཡོད་པ་དང་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་མཇལ་མོལ་གནང་ནས་བོད་དོན་སྐོར་གླེང་ཡོད་འདུག གཞན་ཡང་། སྐབས་དེར། གྲོས་ཚོགས་འཐུས་མི་རྣམས་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་འདུག

སྭི་ཌན་གྱིས་ཡུ་རོབ་ལྷན་ཚོགས་ཀྱི་ཚོགས་གཙོ་གནང་བའི་སྐབས་ཨིན་ཡུལ་སྐུ་ཚབ་དོན་ཁང་གིས་སྭི་ཌན་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་རྒྱབ་སྐྱོར་འོག་ཕྱི་ལོ་ ༢༠༢༣ ཟླ་བ་ ༠༦ ནང་སྭི་ཌན་གྲོས་ཚོགས་སུ་བོད་ཀྱི་ཁོར་ཡུག་དང་། ཞི་འགྲིག་མ་བྱུང་བའི་བོད་རྒྱའི་དཀའ་རྙོག་སྐོར་གསུང་བཤད་ལས་རིམ་གོ་སྒྲིག་གནང་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།