06
Mon, May

བོད་པའི་སློབ་ཕྲུག་ཁག་ཅིག་གིས་བཟོ་ལས་སྦྱོང་བརྡར་བྱེད་བཞིན་པ། པར། བརྒྱུད་ལམ།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤ ཟླ་༤ ཚེས་༢༤ ཉིན་སྤེལ། རྒྱ་གཞུང་གིས་བོད་ཀྱི་ཕུགས་འདུན་ལས་རིགས་རྩལ་ནུས་སློབ་གྲྭ་ཞེས་པ་ཞིག་སྒྲིག་འགལ་གྱི་བྱ་སྤྱོད་བྱས་ཡོད་པའི་ཉེས་མིང་འོག་ནས་སློབ་གྲྭ་དེ་ཡི་སློབ་གཉེར་ཐོབ་ཐང་མེད་པ་བཟོས་འདུག སློབ་གྲྭ་དེ་ཡིས་བོད་མི་མང་པོ་ཞིག་ལ་ལས་ཀ་འདྲ་མིན་གྱི་ལས་རྩལ་བསླབས་ཡོད་པ་དང་ལས་རྩལ་དེ་དག་བརྟེན་ནས་བོད་མི་རྣམས་ཀྱིས་ལས་ཀ་ཡང་རག་ཡོད་པ་རེད། འོན་ཀྱང་། རྒྱ་གཞུང་གིས་སློབ་གྲྭ་དེ་ཡིས་སྒྲིག་འགལ་བྱ་བ་སྤེལ་ཡོད་སྐོར་བརྗོད་ནས་སློབ་གཉེར་ཐོབ་ཐང་མེད་པ་བཟོས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༠ ཉིན། ལྷ་སར་ཡོད་པའི་རྒྱ་གཞུང་གི་ལྷ་ས་གྲོང་འཁྱེར་ལྟ་རྟོག་ལྷན་ཁང་ཞེས་པའི་ལྷན་ཁང་གིས་སློབ་གྲྭ་ཁག་གི་ནང་དུ་ལོ་འཁོར་ལས་ཀ་བྱེད་ཕྱོགས་ཐད་བརྟག་དཔྱད་བྱེད་སྐབས། བོད་ཀྱི་ཕུགས་འདུན་ལས་རིགས་རྩལ་ནུས་སློབ་གྲྭ་ཞེས་པ་ཞིག་གིས་ཕྱི་ལོ་༢༠༢༣་ནང་དུ་སྒྲིག་འགལ་གྱི་བྱ་སྤྱོད་སྤེལ་ཡོད་པ་ཁ་གཡར་ནས་སློབ་གྲྭ་དེར་སློབ་གཉེར་བྱེད་པའི་ཐོབ་ཐང་འཕྲོད་ཡོད་པ་རེད།

རྒྱ་གཞུང་གིས་བོད་སྤྱིར་ཕན་པའི་སློབ་གྲྭ་དང་ཚོགས་པ། མི་སྒེར་བཅས་ཉེས་མིང་འདྲ་མིན་བཏགས་ནས་མེད་ཐབས་བཟོས་དང་བཟོ་བཞིན་པ་རེད། དམིགས་བསལ་བོད་པ་དང་ཕྱི་རྒྱལ་བ་བཙུགས་པའི་སློབ་གྲྭ་རྣམས་མེད་པ་བཟོས་དང་བཟོ་བཞིན་པ་རེད། ད་ཐེངས་ཡང་སློབ་གྲྭ་དེ་ཡིས་སྒྲིག་འགལ་གྱི་ལས་ཀ་བྱས་ཡོད་པའི་ཉེས་མིང་འོག་ནས་སློབ་གཉེར་བྱེད་པའི་ཐོབ་ཐང་འཕྲོག་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རྒྱ་གཞུང་གིས་བོད་ཡིག་ཡོད་པའི་སློབ་གྲྭ་ཁག་སྒོ་བརྒྱབས་པ་དང་བོད་ཕྲུག་ས་ཡ་གཅིག་ལྷག་རྒྱ་གཞུང་གི་བཅའ་སྡོད་སློབ་གྲྭའི་ནང་དུ་བཅུག་པ་མ་ཟད། རྒྱ་ཡིག་དང་རྒྱ་ཡི་རིག་གཞུང་ཁོ་ན་བསླབས་ནས་བོད་ཕྲུག་ཚོས་ཁྱིམ་དུ་ལོག་སྐབས་ཕ་མར་རྒྱ་སྐད་མ་གཏོགས་བཤད་མ་ཤེས་མཁན་ཆགས་ཡོད་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་པ་རེད། དེ་བཞིན་རྒྱ་གཞུང་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ། དགེ་རྒན་བཅས་ལ་ཉེས་མིང་འདྲ་མིན་བཏགས་ནས་བཙོན་དུ་བཅུག་ཡོད་འདུག རྒྱ་དམར་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་། ངོ་བོ་བཅས་རྩ་མེད་བཟོ་བའི་བྱ་སྤྱོད་སྤེལ་དང་སྤེལ་བཞིན་པ་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།