29
Mon, Apr

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་ལགས། པར། ཨ་རིའི་ཕྱི་སྲིད་ལས་ཁུངས།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༡༦ཉིན་སྤེལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་ཨན་ཊོན་ཎི-བྷི་ལིན་ཁེན(Antony Blinken)་ལགས་རྒྱ་ནག་པེ་ཅིང་ལ་འཚམས་གཟིགས་མ་ཕེབས་གོང་། གཞུང་འབྲེལ་མིན་པའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་བཞི་བཅུ་ལྷག་གིས་དྲུང་ཆེ་མཆོག་ལ་འཕྲིན་ཡིག་བཏང་ནས་ཁོང་གིས་རྒྱ་གཞུང་གི་ཆེས་མཐོ་མི་སྣ་མཉམ་དུ་ཐུག་འཕྲད་བྱེད་སྐབས་བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་། རྒྱ་ནག་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ལ་གླེང་སློང་བྱེད་དགོས་པའི་འབོད་སྐུལ་ཞུས་འདུག

དེ་ཡང་། ཟླ་འདིའི་ཚེས་༡༥ཉིན། ཨ་རི་དང་དབྱིན་ཡུལ། རྒྱ་ནག བོད། ཧོང་ཀོང་། ཤར་ཏུར་ཀི་སི་ཐན་སོགས་ནས་ཡིན་པའི་གཞུང་འབྲེལ་མིན་པའི་ཚོགས་པ་རང་དབང་ཁང་པ་དང་། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་། རྒྱལ་སྤྱིའི་ཉེས་ཡང་ཚོགས་པ། འཛམ་གླིང་ཡུ་གུར་ལྷན་ཚོགས། རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ཧོང་ཀོང་སློབ་ཕྲུག་ཚོགས་པ། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་། རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ལས་ཁང་། བོད་དོན་ལས་འགུལ་བསྟི་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ཀྱིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྷི་ལིན་ཁེན་ལ་འཕྲིན་ཡིག་བཏང་འདུག

འཕྲིན་ཡིག་དེའི་ནང་དུ། དྲུང་ཆེ་མཆོག་གིས་རྒྱ་ནག་གི་དཔོན་རིགས་ཚོ་དང་ཐུག་འཕྲད་བྱེད་སྐབས། བོད་དང་ཤར་ཏུར་ཀི་སི་ཐན། ཧོང་ཀོང་། རྒྱ་ནག་བཅས་ཀྱི་ནང་དུ་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་དང་གཏོང་བཞིན་པར་མཚམས་འཇོག་བྱེད་དགོས་པ་དང་། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་བོད་པ་དང་རྒྱ་མི། ཡུ་གུར་བ། ཧོང་ཀོང་བ་འཛིན་བཟུང་བྱས་རྣམས་ཡོད་པ་རྣམས་མྱུར་དུ་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་། རྒྱ་གཞུང་གིས་བོད་ནང་གི་བོད་ཕྲུག་ཚོའི་ཆེད་དུ་བཙན་དབང་གི་གཏན་སྡོད་སློབ་གྲྭ་བཙུགས་ཡོད་པ་དེ་མྱུར་དུ་མཚམས་འཇོག་དགོས་པ་དང་། བོད་དང་ཤར་ཏུར་ཀི་སི་ཐན་ནང་གི་མི་རྣམས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་ནང་མིར་རྣམས་ལ་འབྲེལ་བ་གནང་ན་ཁོ་ཚོར་དྲག་གནོན་བྱས་དང་བྱེད་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ད་དུང་། རྒྱ་གཞུང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཚོགས་པ་གཞན་གྱིས་བོད་དང་། རྒྱ་ནག ཤར་ཏུར་ཀི་སི་ཐན་བཅས་སུ་འགྲོ་བའི་ཐོབ་ཐང་དང་རང་དབང་ཐད་སློབ་སྟོན་གནང་བ་རྣམས་ལག་བསྟར་དགོས་པའི་དགོས་འདུན་བཏོན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།