30
Tue, Apr

སྤྱི་ཚོགས་དྲ་རྒྱ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༦་ཚེས་༡༠ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་ཕྱི་རྒྱལ་གྱི་གཉེན་ཆས་དང་གསར་ཁང་ཁག་༣༢་ལྷག་བཀག་སྡོམ་བྱས་ཡོད་པར་གསལ་བསྒྲགས་སྤེལ་འདུག དེའི་ནང་ནས་ཅཱ་ཁྲི་ཇི་སྦི་ཊི(ChatGPT)་དང་རྒྱལ་སྤྱིའི་གསར་ཁང་ཚང་མ་བཀག་ཡོད་འདུག ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ཀྱིས་རྒྱ་ནག་ནང་རྒྱ་ནག་གི་གཉེན་ཆས་ཕབས་ལེན་བྱེད་དགོས་པའི་དགོས་འདུན་ཡང་བཏོན་འདུག

དེ་ཡང་། ཉེ་ཆར་རྒྱ་གཞུང་གིས་ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་སྤྲོ་འཁྱམ་པ་རྣམས་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། འཚོ་བ་དང་འབྲེལ་ཡོད་ཀྱི་ཕྱི་རྒྱལ་གྱི་གཉེན་ཆས་དང་། གསར་འགྱུར་དང་འབྲེལ་བའི་རྒྱལ་སྤྱིའི་གསར་ཁང་། དེ་བཞིན་ལས་ཀ་དང་འབྲེལ་ཡོད་ཀྱི་ཕྱི་རྒྱལ་གྱི་གཉེན་ཆས་སོགས་བཀག་ཡོད་པར་བཀོད་འདུག

འཚོ་བ་དང་མི་ཚེ་འབྲེལ་ཡོད་ཀྱི ཕྱི་རྒྱལ་གྱི་གཉེན་ཆས་བཀག་སྡོམ་བྱས་པ་རྣམས་ནི། ཐོན་གསར་ཤོས་དང་སྐད་གྲགས་ཆེ་ཤོས་ཅཱ་ཁྲི་ཇི་སྦི་ཊི(ChatGPT)་དང ་། འབྲེལ་མཐུད་བྱེད་ཡུལ་(linkedin)། ཨ་རིའི་པར་དང་གཞས་གསོག་གཉེན་ཆས་(Shutterstock)་སོགས་དང་། གྷོ་གྷུ་དང་འབྲེལ་ཡོད་ཀྱི་གཉེན་ཆས། གླུ་གཞས་ཀྱི་གཉེན་ཆས་(Spotify)། ཝི་ཀི་པེ་ཊི་ཡ(Wikipedia)། ལྟ་མོ་ལྟ་བྱེད(Netflix)་དང་(HBO)། སྤྱི་ཚོགས་དྲ་རྒྱ་དབྱི་སི་གྷི་རམ་(Instagram)། ངོ་དེབ(Facebook)། འཕྲུལ་སྒྲ་(Twitter)། ཊེ་ལེ་གྷི་རམ་(Telegram)། ཝཱ་ཚི་ཨབ(whatsapp)་དང་། ཡུ་ཊུབ་(youtube) སོགས་བཀག་ཡོད་འདུག

རྒྱལ་སྤྱིའི་གསར་ཁང་ཆེ་ཤོས་གྲས་སི་ཨན་ཨན(CNN)་དང་། བྷི་བྷི་སི(BBC)། ནེའུ་ཡོག་དུས་བབ་(New York Times)། གྷུར་ཌིན(Guardian)། ཝ་ཤིན་ཏོ་ཆ་འཕྲིན་(Washington Post)་གཙོས་པའི་ཕྱི་རྒྱལ་གྱི་གསར་ཁང་མང་ཤོས་བཀག་ཡོད་འདུག

གཞན་ཡང་། རྒྱ་དཀར་ནག་གཉིས་ཀྱིས་བོད་དང་རྒྱ་གར་གྱི་ས་མཚམས་རྩོད་གླེང་གི་རྙོག་དྲ་རྐྱེན་པས་ད་དུང་གྲོས་མོལ་ལེགས་པོ་ཞིག་ཡོང་ཐུབ་མེད་པ་དང་། རྒྱ་དཀར་ནག་གཉིས་ཀྱི་འབྲེལ་ལམ་སྡུག་རུ་འགྲོ་ཞོར་དུ་གསར་འགོད་དེ་ཚོ་ཡང་དཀའ་ངལ་འཕྲད་བཞིན་པ་རེད། རྒྱ་གར་གྱི་གསར་འགོད་པ་མང་པོ་ཞིག་གིས་རྒྱ་ནག་ལ་མཐོང་མཆན་ཞུ་ཡོད་ཀྱང་། རྒྱ་གཞུང་གིས་ཁོ་ཚོར་མཐོང་མཆན་སྤྲོད་ཀྱི་མེད་པ་རེད། དེར་བརྟེན། རྒྱ་གར་ནང་དུ་རྒྱ་ནག་གི་གསར་འགོད་གཅིག་ལས་མེད་པ་དང་རྒྱ་ནག་ནང་དུའང་རྒྱ་གར་གྱི་གསར་འགོད་པ་གཅིག་མ་གཏོགས་མེད་པ་རེད། རྒྱ་དཀར་ནག་གཉིས་ཀྱིས་གསར་འགོད་པར་མཐོང་མཆན་སྤྲོད་མིན་ཐོག་ཕན་ཚུན་ལ་སྐྱོན་བརྗོད་བྱེད་བཞིན་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།