26
Fri, Apr

གངས་རི་ཇོ་མོ་གླང་མ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༤་ཚེས་༡༠ཉིན་སྤེལ། ཉེ་ཆར་དབྱིན་ལན་དང་ཨོ་སི་ཊི་ཡ། ཨ་རི། རྒྱ་ནག་བཅས་ཀྱི་ཉམས་ཞིབ་པ་ཁག་ཅིག་གིས་མི་ལོ་༢༠་ནང་བོད་དང་ཧི་མ་ལ་ཡའི་འཁྱགས་རོམ་འབོར་ཆེན་བཞུས་ཡོད་དང་། བཞུ་ཚད་ནི་གླང་ཆེན་ས་ཡ་༥༧༠་ཡི་ལྗིག་ཚད་ཡིན་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག

དེ་ཡང་། ཨ་རི་དང་། དབྱིན་ལན་(UK)། ཨོ་སི་ཊི་རི་ཡ(Austria)། རྒྱ་ནག་བཅས་ཀྱི་སློབ་ཆེན་ཁག་བཞི་ཡིས་ཉེ་ཆར་ཧི་མ་ལ་ཡའི་འཁྱགས་རོམ་ཕྱི་ལོ་༢༠༠༠་ནས་༢༠༢༠་བར་དུ་འབོར་ཆེན་བཞུས་ཡོད་ཅིང་། དེ་ནི་བཞུ་ཚད་ནི་གླང་ཆེན་ས་ཡ་༥༧༠་ཡི་ལྗིག་ཚད་ཡིན་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག དབུས་ཧི་མ་ལ་ཡའི་འཁྱགས་རོམ་བཞུས་ནས་ཉེ་འཁོར་གྱི་མཚོ་ཇེ་ཆེ་འགྲོ་བཞིན་ཡོད་སྐོར་ཡང་བརྗོད་འདུག

སྤྱི་འཛམ་གླིང་ཚ་དྲོད་འཕེལ་བཞིན་པའི་སྐབས། འཁྱགས་རོམ་ཧ་ཅང་མགྱོགས་པོ་བཞུ་བཞིན་ཡོད་ཅིང་། ལྷག་པར་དུ། བོད་དང་ཧི་མ་ལ་ཡའི་གངས་རིའི་འཁྱམས་རོམ་བཞུ་ཚད་གཞན་ལས་མགྱོགས་པ་ཡོད་འདུག སྔ་ལོ་ཚན་རིག་པ་ཁག་ཅིག་གིས་གངས་རི་ཇོ་མོ་གླང་མའི་འཁྱགས་རོམ་ལོ་༤༠་ཡར་སྔོན་ལས་ལྡབ་གཅིག་གིས་བཞུ་བཞིན་ཡོད་པ་དང་། དེ་ནི་གནམ་གཤིས་འགྱུར་ལྡོག་ལ་བརྟེན་ནས་བྱུང་བ་ཞིག་ཡིན་སྐོར། གནམ་གཤིས་འགྱུར་ལྡོག་དེའི་དབང་གིས་མ་འོངས་པར་ཨ་ཤེ་ཡའི་མི་རྣམས་ལ་ཆུའི་དཀའ་ངལ་ཆེན་པོ་ཞིག་འཕྲད་ངེས་པར་བརྗོད་འདུག

ཚན་རིག་པས་གངས་རི་ཇོ་མོ་གླང་མའི་འཁྱགས་རོམ་གཞུར་བའི་མཇུག་འབྲས་ཀྱིས་ཨ་ཤེ་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་ཤུགས་རྐྱེན་ཧ་ཅང་ཐེབས་ཀྱི་ཡོད་པར་བརྗོད་འདུག འཁྱགས་རོམ་གཞུར་བའི་རྐྱེན་གྱིས་དུས་ཡུན་ཐུང་ངུའི་ནང་། ས་ཁུལ་དེ་ཚོར་ཆུ་ལོག་གི་དཀའ་ངལ་ཡོང་སྲིད་པ་དང་། དུས་ཡུན་རིང་པོར། འཁྱམས་རོམ་གྱི་ཆུ་ལ་བརྟེན་ནས་འཚོ་སྡོད་བྱེད་བཞིན་ཡོད་པའི་མི་མང་ལ་ཐན་པ་འབྱུང་བའི་སྐབས་དཀའ་ངལ་ཤུགས་ཆེན་འཕྲད་སྲིད་པའང་བརྗོད་འདུག

དེ་ཡང་། ཨ་རི་དང་དབྱིན་ལན། ཨོ་སི་ཊི་རི་ཡ། རྒྱ་ནག་བཅས་ཀྱི་སློབ་ཆེན་གྱི་ཉམས་ཞིབ་པས་ཟླ་འདིའི་ཚེས་༦་ཉིན་རང་བྱུང་ས་ཁམས་ཚན་རིག་ཅེས་པའི་དྲ་རྒྱ་ཐོག་ཏུ་ཕྱི་ལོ་༢༠༠༠་ནས་༢༠༢༠་བར་ཧི་མ་ལ་ཡའི་འཁྱགས་རོམ་འབོར་ཆེན་བཞུས་ཡོད་དང་། བཞུ་ཚད་ནི་གླང་ཆེན་ས་ཡ་༥༧༠་ཡི་ལྗིག་ཚད་ཡིན་སྐོར་གྱི་སྙན་ཐོ་ཞིག་བཏོན་ཡོད་འདུག སྙན་ཐོ་འདིས་འཛམ་གླིང་གི་ཚ་དྲོད་གི་ཛ་དྲག་གི་གནས་སྟངས་ལ་སྔ་ལས་བསམ་གཞིགས་བྱེད་དགོས་པ་དང་། གལ་སྲིད་ཧི་མ་ལ་ཡ་ཡང་ན་བོད་མཐོ་སྒང་གི་འཁྱགས་རོམ་བཞུས་ན། ཨེ་ཤ་ཡའི་རྒྱལ་ཁབ་མང་པོ་ཞིག་ལ་དཀའ་ངལ་འཕྲད་རྒྱུ་ཡིན་པ་མ་ཟད། འཛམ་གླིང་གི་གནམ་གཤིས་འགྱུར་ལའང་འགྱུར་བ་ཤུགས་ཆེན་ཐེབས་རྒྱུ་ཡིན་འདུག

སྙན་ཐོ་དེའི་ནང་དུ་ཉམས་ཞིབ་པ་ཚོས་བརྗོད་དོན། ང་ཚོའི་སྙན་ཐོ་འདིའི་ནང་དུ་ཧི་མ་ལ་ཡའི་འཁྱགས་རོམ་བཞུས་དང་བཞུ་བཞིན་པའི་གནས་ཚུལ་གལ་ཆེན་ཞིག་བཏོན་ཡོད། འདི་ཡིས་ས་གནས་དེ་གའི་ཆུ་མཛོད་སྟངས་འཛིན་བྱེད་སྟངས་ལ་ཕན་ཐོགས་འབྱུང་གི་རེད་བསམ་གྱི་འདུག ཅེས་བརྗོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།