02
Thu, May

ཕྱི་ལོ་༢༠༢༣ ཟླ་༩ ཚེས་༢༤ཉིན། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་དང་བསྒྲགས་གཏམ། པར། བརྒྱུད་ལམ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣ ཟླ་༩ ཚེས ༢༤ ཉིན། ཡུ་རོབ་ནང་པའི་མཐུན་ཚོགས་ཀྱིས་ལོ་འཁོར་ཚོགས་ཆེན་ཚོགས་ནས་སྤྱི་མོས་ཐོག ༸གོང་ས་མཆོག་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་རྒྱ་གཞུང་གིས་ཐེ་གཏོགས་བྱེད་མི་ཆོག་པ་དང་རྒྱ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་གིས་ངོས་འཛིན་བྱས་པའི་བླ་མ་སུ་ཡང་ངོས་ལེན་མི་བྱེད་པ། དེ་བཞིན་བོད་ནང་ཆོས་དད་རང་དབང་དགོས་པའི་བསྒྲགས་གཏམ་ཞིག་སྤེལ་འདུག

དེ་ཡང་། ཡུ་རོབ་ནང་པའི་མཐུན་ཚོགས་ནི་ཕྱི་ལོ་༡༩༧༥་ལོར་བཙུགས་ཡོད་པ་དང་། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་ནང་པའི་ལྟ་བ་གཞི་བཟུང་སྤྱི་ཚོགས་ལ་ཞབས་ཞུ་དང་རོགས་སྐྱོར། དེ་བཞིན་ཡུ་རོབ་ནང་དུ་ཡོད་པའི་ནང་པ་རྣམས་ལ་ལྟ་སྐྱོང་བྱེད་རྒྱུ་བཅས་ཡིན་འདུག

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་བསྒྲགས་གཏམ་ནང་དུ། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ངོས་འཛིན་གནང་རྒྱུའི་དབང་ཚད་བོད་མི་རྣམས་ཡོད་པ་བཞིན་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ལྟར་ངོས་འཛིན་གནང་དགོས་པ་ལས་རྒྱ་གཞུང་གིས་ཐེ་གཏོགས་བྱེད་མི་ཆོག་པ་མ་ཟད། རྒྱ་གཞུང་གིས་ངོས་འཛིན་བྱས་པའི་བླ་སྤྲུལ་སུ་ཞིག་ཀྱང་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་མི་བྱེད་པའི་འབོད་སྐུལ་ཞུས་འདུག

གཞན་ཡང་། བསྒྲགས་གཏམ་དེའི་ནང་དུ་རྒྱ་གཞུང་ལ་བོད་ཀྱི་ཆོས་དད་རང་དབང་དང་སྐད་རང་དབང་ལ་སྲུང་བརྩི་བྱེད་དགོས་པ་དང་། བོད་ཀྱི་དགོན་པ་དང་སྐུ་བརྙན་གཏོར་བཤིག་བྱེད་རྒྱུ་མཚམས་འཇོག་དགོས་སྐོར་བརྗོད་འདུག

ད་དུང་། བསྒྲགས་གཏམ་དེའི་ནང་དུ་ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ཚོགས་མི་རྣམས་ནས་བོད་རྒྱའི་དཀའ་རྙོག་ཞི་འགྲིག་ཡོང་ཐབས་སུ་རྒྱ་གཞུང་ངོས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་གནང་དགོས་པའི་རེ་སྐུལ་གནང་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།