19
Sun, May

༢༠༡༩ལོའི་ཟླ༡་ཚེས་༡༡ཉིན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ནས་བཙན་བྱོལ་བོད་མི་རྣམས་ལ་དབྱར་ཚོང་རོགས་སྐྱོར་ལས་གཞི་དང་པོ་འགོ་འཛུགས་གནང་སོང་། དེ་ནི་རྒྱ་གར་ནང་བཞུགས་པའི་བོད་མི་ཚོང་པ་ཚོར་དབྱར་ཀའི་སྐབས་སུ་ཚོང་རྒྱག་པའི་མ་རྩ་རོགས་དངུལ་འབུམ་གཉིས་རེ་གཡར་བའི་ལས་གཞི་ཞིག་ཡིན་འདུག

༢༠༡༩ལོའི་ཟླ་༡་ཚེས་༤ཉིན།༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་རྣམས་ལེགས་པར་གྲུབ་ནས་དེ་རིང་ཞོགས་པ་ཆུ་ཚོད་དགུ་པ་ཙམ་ལ་བཞུགས་སྒར་རྡ་རམ་ས་ལར་ཞབས་སོར་བདེ་བར་འཁོད་སོང་།

༢༠༡༨ལོའི་ཟླ་༡༢ཚེས་༣༡ཉིན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འདི་ལོར་རྒྱ་ནག་གཞུང་གིས་བོད་ཀྱི་ཁོར་ཡུག་ཐོག་རྒྱབ་ཤ་དཀར་པོའི་ཡིག་ཆ་ཞིག་བཏོན་ཡོད་པ་དེར་ལན་འདེབས་བྱས་ཡོད་ཅིང་། ལན་འདེབས་དེ་ནི་བོད་ས་གནས་ས་ཐོག་ཏུ་དངོས་གནས་བྱུང་བའི་གནད་དོན་རྣམས་བྲིས་ཡོད་པའི་ཤོག་གྲངས་༢༡་ཅན་གྱི་དབྱིན་དེབ་ཅིག་རེད་འདུག

༢༠༡༨ལོའི་ཟླ༡༢ཚེས་༢༣ཉིན། དཔེ་དེབ་༼མར་མེ་རང་འབར་ཚང་གི་སྒོ་དར།༽ཞེས་པའི་དེབ་གསར་དབུ་འབྱེད་མཛད་སྒོ་དེ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ས་གནས་སུ་ཚོགས་པ་དང་། དཔེ་དེབ་འདི་ནི་བཙན་བྱོལ་ནང་གི་ན་གཞོན་རྩོམ་པ་པོ་དགུས་མཉམ་བྲིས་ཀྱི་དཔྱད་རྩོམ་དང་ལྷུག་རྩོམ། བསྒྱུར་རྩོམ་དང་རང་མོས་རྩོམ་སོགས་སྣ་ཕུན་སུམ་ཚོགས་པ་འདུས་པ་ཞིག་དང་རྩོམ་གྱི་སྙན་ཆ་དང་ཚིག་གི་སྡེབ་སྦྱོར་སོགས་ཧ་ཅང་ཕུན་སུམ་ཚོགས་པ་ཞིག་ཡིན་འདུག

༢༠༡༨ལོའི་ཟླ་༡༢ཚེས་༣༠ཉིན་སྤེལ། ༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གནས་མཆོག་རྡོ་རྗེ་གདན་དུ་ཟླ་འདིའི་ཚེས་༢༤ཉིན་ནས་གསུང་ཆོས་དབུ་དབུ་འཛུགས་གནང་ཡོད་པ་དང་། ཚེས་༢༤ཉིན་དངུལ་ཆུ་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་དང་། ཚད་མ་རྣམ་འགྲེལ་གྱི་བཀའ་ཆོས། ཚེས་༢༦ཉིན་འཇིགས་བྱེད་དཔའ་བོ་གཅིག་གི་དབང་བསྩལ་ཞིང་། ཚེས་༢༩ཉིན་རྗེ་བཙུན་མ་ནག་མོའི་དབང་དང་བདེ་མཆོག་ཚེ་ལྷ་དཀར་པོ།ནོར་ལྷ་སྒྲོལ་དཀར་དང་། ཚེས་༣༠ཉིན་ཆོས་རྒྱལ་ནང་སྒྲུབ་དང་ཆོས་རྒྱལ་ཕྱི་སྒྲུབ། ཆོས་རྒྱལ་ཕྱི་སྒྲུབ་བཅས་ཀྱི་བཀའ་དྲིན་བསྩལ་ཡོད་འདུག

༢༠༡༨ལོའི་ཟླ་༡༢ཚེས་༣༡ཉིན། རྒྱ་གར་གནས་མཆོག་རྡོ་རྗེ་གདན་དུ་བོད་མིའི་སྒྲིག་འཛུགས་དང་རྣམ་རྒྱལ་གྲྭ་ཚང་། ཤེལ་དཀར་མངའ་ཞབས་བཅས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་༸སྐུ་ཚེ་ཡུན་རིང་བརྟན་ཕྱིར་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་དང་། རྟེན་འབྲེལ་མཚོན་ཆེད་སྟོན་པ་བཅོམ་ལྡན་འདས་ཀྱི་སྐུ་བརྙན་ཆུང་བ་གྲངས་༡༡༣བརྟན་བཞུགས་ཀྱི་འབུལ་མཚོན་དུ་འདེགས་འབུལ་ཞུས་འདུག་ཅིང་། བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་ནི།འཇམ་མགོན་རྒྱལ་བའི་རྒྱལ་ཚབ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ཡིན་འདུག

༢༠༡༨ ཟླ་ ༡༢ ཚེས་ ༢༤ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་རྡོ་རྗེ་གདན་དུས་འཁོར་དབང་ཆེན་གྱི་གསུང་ཆོས་ར་བའི་ནང་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་བཀའ་ཁྲིད་གནང་ཡོད་པ་དང་དེར་བླ་ཆེན་ཁག་དང་དགེ་འདུན་པ། དེ་བཞིན་འཛམ་གླིང་རྒྱལ་ཁབ་མི་འདྲ་བ་མང་པོ་ནས་ཕེབས་པའི་ཆོས་ཞུ་བ་ཁྲི་ཕྲག་ཁ་ཤས་འཛོམས་ཡོད་འདུག

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།