25
Mon, Oct

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༡་ཟླ་༨་ཚེས་༡༨ཉིན། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་འགོ་འཛུགས་གནང་སོང་། ཚོགས་འདུ་འདི་ནི་ཉེ་དུས་བོད་ཀྱི་ལོ་རྒྱུས་ཐོག་བགྲོ་གླེང་བྱེད་དུས་ཕྱི་རྒྱལ་བ་དང་རྒྱ་མི་མཁས་པ་ཕུན་ཚུན་བགྲོ་གླེང་བྱས་ནས་བོད་པ་ཟུར་འཇོག་ལྟ་བུ་བྱེད་ཀྱི་བསྡད་འདུག དེར་བརྟེན། དེ་རིང་ཚོགས་འདུ་འདི་བརྒྱུད་བོད་པའི་ཤེས་ཡོན་པ། ན་གཞོན། ཉམས་ཞིབ་པ་བཅས་ལ་སྡིངས་ཆ་བསྐྲུན་ནས་བོད་པའི་ལོ་རྒྱུས་འགྲེལ་བཤད་རྒྱག་ཐུབ་མཁན་མཁས་དབང་གང་མང་སྐྱེད་སྲིང་བྱེད་ཆེད་ཡིན་སྐོར་གསུངས་སོང་།

དེ་ཡང་། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་དེ་ཟླ་འདིའི་ཚེས ༡༨ ནས་ཚེས ༢༠ བར་ཉིན་གསུམ་རིང་དྲ་ཐོག་བརྒྱུད་འཚོགས་རྒྱུ་ཡིནའདུག གོང་ཚེས་ཉིན་གྱི་སྔ་དྲོ་ཆུ་ཚོད་༩།༣༠ ཐོག བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པའི་སྟེང། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་སོང་བ་དང་། སྐུ་མགྲོན་གཙོ་བོ་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འབྱེད་ཀྱི་གསུང་བཤད་གནང་སོང་། དེ་ནས་རིམ་པས་ན་གཞོན་ཉམས་ཞིབ་པ་རྣམས་ཀྱིས་གཏམ་བཤད་དང་བགྲོ་གླེང་འགོ་འཛུགས་གནང་རྒྱུ་རེད་འདུག

དང་ཐོག བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུ་ངོ་སྤྲོད་གནང་དོན། བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཚོགས་དགོས་པའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་བ་གཞོན་ཚོས་སོ་སོའི་གནའ་རབས་ཀྱི་སྲོལ་རྒྱུན་རིག་གཞུང་དང་མི་རིགས་ཀྱི་འབྱུང་ཁུངས། ལོ་རྒྱུས་ཤེས་དགོས་པ་གལ་ཆེན་པོ་རེད། ང་ཚོའི་ལོ་རྒྱུས་དེ་བོད་ཀྱི་རྩ་དོན་དང་འབྲེལ་བ་ཆགས་བསྡད་ཡོད་རེད། དེར་བརྟེན། དེའི་ཐོག་ཉམས་ཞིབ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་ཆགས་ཡོད། ཉེ་དུས་བོད་ཀྱི་ལོ་རྒྱུས་ཐོག་བགྲོ་གླེང་བྱེད་དུས་ཕྱི་རྒྱལ་བ་དང་རྒྱ་མི་ཕུན་ཚུན་བགྲོ་གླེང་བྱས་ནས་བོད་པ་ཟུར་འཇོག་བྱས་བསྡད་འདུག དེར་བརྟེན། དེ་རིང་ཚོགས་འདུ་བརྒྱུད་བོད་པའི་ཤེས་ཡོན་པ། ན་གཞོན། ཉམས་ཞིབ་པ་བཅས་ལ་སྡིངས་ཆ་བསྐྲུན་ནས་བོད་པའི་ལོ་རྒྱུས་འགྲེལ་བཤད་རྒྱག་ཐུབ་མཁན་མཁས་དབང་གང་མང་མང་སྐྱེད་སྲིང་བྱེད་ཆེད་ཡིན། ཞེས་འགྲེལ་བརྗོད་གནང་སོང་།

དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་གསུང་བཤད་གནང་སོང་། ཁོང་གིས་གསུང་དོན། བོད་ཀྱི་ལོ་རྒྱུས་གནས་བབ་ཐོག་རྒྱ་ནག་དང་བོད། ནུབ་ཕྱོགས་ཀྱི་རྒྱལ་ཁབ་ཁག་ནས་གང་བཤད་ཀྱི་ཡོད་པའི་སྐོར་དོ་སྣང་གནང་སྟེ་ཉམས་ཞིབ་གནང་ན་ཧ་ཅང་ཐུགས་ཕན་གསོ་ཐུབ། རྒྱ་ནག་གིས་བོད་ཀྱི་གནས་ཚུལ་ཐོག་འཁྱོག་བཤད་ཤོད་ཀྱི་ཡོད། ང་ཚོའི་ལོ་རྒྱུས་དང་འབྲེལ་བའི་དངོས་ཡོད་གནས་སྟངས་དང་མཐུན་པའི་འགྲེལ་བཤད་ཚད་ལྡན་ཞིག་བརྒྱབ་ཐུབ་པར་བོད་ཀྱི་ལོ་རྒྱུས་གནས་བབ་ཤེས་པའི་ཐོག་ནས་འཛམ་གླིང་ཕྱི་ལ་བོད་ནང་གི་ཁོར་ཡུག་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་ཕྱོགས་སོགས་ཀྱི་སྐོར་ལ་འགྲེལ་བཤད་རྒྱག་ཐུབ་དགོས། ཞེས་གསུངས་སོང་།

ཐེངས་འདིའི་བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པར་གཏམ་བཤད་གནང་མཁན་ཤེས་ཡོན་པ་༢༥ དང་གཙོ་སྐྱོང་བ་༨ དང་། འབུམ་རམས་པ་བཅུ་གཅིག་དང་། འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་བཅུ་གཅིག དེ་བཞིན་གཙུག་ལག་རབ་འབྱམས་པ་དང་ཁྱད་ལས་ཉམས་ཞིབ་པ་བཅུ་གཅིག་བཅས། མཉམ་ཞུགས་ཐོག་བོད་ཀྱི་ལོ་རྒྱུས་དང་རིག་གནས། སྤྱི་ཚོགས་བཅས་བརྗོད་གཞི་མི་འདྲ་བ་ཁག ༢༥ ཐོག་གཏམ་བཤད་དང་འགྲོ་གླེང་གནང་རྒྱུ་ཡིན་འདུག

བརྗོད་གཞི་ཁག་ཅིག་ནི། བོད་ཀྱི་དམག་དོན་ལོ་རྒྱུས་དང་། དམག་ཤུགས་ཀྱིས་ནུས་པས་ས་ཁྱོན་རྒྱ་བསྐྱེད་བྱས་ཚུལ་སྐོར་ལ་བསྐྱར་ཞིབ། བོད་ཁ་བ་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་བསྟན་པའི་ཁུངས། དུས་འཁོར་སྦྱོར་དྲུག་ཉེ་བརྒྱུད་བོད་དུ་ཇི་ལྟར་དར་མིན། ཨེ་ཤི་ཡའི་ཚོགས་འདུ་༡༩༤༧ལས་འཕྲོས་ཏེ་བོད་ཀྱི་རྒྱལ་གླུའི་བྱུང་འཕེལ་སྐོར་ལ་ནང་གྲོས། ཆིང་གོང་མ་ཆན་ལུང་སྐབས་ཀྱི་མཛད་ཆེན་བཅུ་ཡི་ཡ་གྱལ་ཆུ་ཆེན་དམག་འཁྲུག་སྔ་ཕྱི་གཉིས་ཀྱི་སྐོར་ལ་མདོ་ཙམ་གླེང་བ་སོགས་རེད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།