28
Sun, Apr

རྔ་བ་ཀིརྟི་དགོན་གྱི་དཔེ་མཛོད་འགན་འཛིན་ཟུར་པ་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས། པར། གནས་ཚུལ་མཁོ་སྤྲོད་པས་གནང་སོང་།

བོད་ཀྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༤་ཟླ་༢ ཚེས་༥ཉིན་སྤེལ། རྔ་བ་ཀིརྟི་དགོན་གྱི་དཔེ་མཛོད་འགན་འཛིན་ཟུར་པ་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་རྒྱ་གཞུང་གིས་བོད་ཕྱི་ཕྱོགས་ཀྱི་དཔེ་དེབ་བོད་ནང་དཔར་བསྐྲུན་བྱས་པ་དང་བཙན་བྱོལ་དུ་ཡོད་པའི་བོད་མིར་འབྲེལ་བའི་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག ཁོང་ཟླ་བ་དྲུག་ཕྱིན་ཡོད་ཀྱང་ཁོང་གི་སྐོར་གནས་ཚུལ་གང་ཡང་ཤེས་རྟོགས་བྱུང་མེད་པ་རེད།

དེ་ཡང་། བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་ནས་ཡིན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་རྒྱ་གཞུང་ཉེན་རྟོག་པས་ཕྱི་ལོ་༢༠༢༣ ཟླ་༦ པའི་ནང་དུ། བོད་ཕྱི་ཕྱོགས་ཀྱི་དཔེ་དེབ་བོད་ནང་དཔར་བསྐྲུན་བྱས་པ་དང་བཙན་བྱོལ་དུ་ཡོད་པའི་བོད་མིར་འབྲེལ་བའི་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག གནས་ཚུལ་མཁོ་སྤྲོད་པས་མཁོ་སྤྲོད་གནང་བར་ལྟར་ན། རྒྱ་གཞུང་ཉེན་རྟོག་པས་ཀིརྟི་དགོན་གྱི་དཔེ་མཛོད་འགན་འཛིན་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ཀྱིས་རྒྱ་གར་ལྷོ་ཕྱོགས་ཀྱི་གདན་ས་ཁག་ནས་འདོན་སྤེལ་གནང་བའི་དཔེ་ཆ་ཁག་བོད་ནང་དཔར་བསྐྲུན་དང་བཙན་འབྱོར་ཡོད་པའིབོད་མིར་འབྲེལ་བ་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་འདུག

དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཀག་ཉར་བྱས་ནས་ཟླ་བ་༨་ལྷག་ཕྱིན་ཡོད་ཀྱང་། ཁོང་གང་དུ་བཀག་ཉར་བྱས་ཡོད་པ་དང་ཁྲིམས་ཐག་བཅད་ཡོད་མེད་སོགས་ཀྱི་སྐོར་ཤེས་རྟོགས་ཐུབ་མེད་པ་རེད། ཉེ་ཆར་རྒྱ་གཞུང་གིས་བོད་ནང་དུ་དཔེ་དེབ་དཔར་བསྐྲུན་བྱེད་པར་དམ་བསྒྲགས་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད། དཔར་ཁང་ཁག་ཅིག་ཀྱང་སྒོ་རྒྱག་བཅུག་ཡོད་སྐོར་གནས་ཚུལ་འདུག

རང་ལོ་༥༤་ལ་སོན་པའི་དགེ་འདུན་པ་བློ་བཟང་ཐབས་མཁས་ལགས་ནི་བོད་མདོ་སྨད་རྔ་བ་རྫོང་རྨེའུ་རུ་མ་རུ་ཆེན་གསུམ་པ་ནས་ཡིན་པ་དང་། ཁོང་གི་ཨ་ཕ་མིང་ལ་ཁ་བརྩོན་དང་ཨ་མ་མིང་ལ་ཞོ་ཀ་ཞུ་ཡི་ཡོད་འདུག ཁོང་ནི་དེ་སྔ་རྔ་པ་ཀིརྟི་དགོན་པའི་དཔེ་མཛོད་འགན་འཛིན་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།