13
Thu, Jun

བདེ་ཐང་།
ཡིག་གཟུགས་སྒྲིག་ཆས།

ཕྱི་ལོ་༢༠༢༣་ཟླ་༩ ཚེས་༡༥ ཉིན་སྤེལ། འབྲས་སྐྲན་(Cancer)་ནི་དེང་སང་སྤྱི་ཚོགས་ཀྱི་ནང་དུ་ན་མཁན་མང་རུ་འགྲོ་བཞིན་ཡོད། འོན་ཀྱང་། རང་ཉིད་འབྲས་སྐྲན་ཇི་ལྟར་ན་ཀྱི་ཡོད་མེད་ཡང་ན་ཅི་ཕྱིར་ན་ཡི་ཡོད་མེད་ཀྱི་ཤེས་རྟོགས་ཧ་ཅང་ཉུང་། དེར་བརྟེན། འབྲས་སྐྲན་ སྔོན་འགོག་གམ་འགོག་ཐབས་ཀྱི་ཤེས་བྱ་གོ་རྟོགས་ཡོད་དགོས་པར་གལ་ཆེན་ཡིན།

ང་ཚོ་རྒྱུན་དུ་ཟས་སྤྱོད་ཇི་ལྟར་བསྟེན་ན་ང་ཚོས་འབྲས་སྐྲན་སྔོན་འགོག་བྱེད་ཐུབ་བམ་ཟེར་ན། ང་ཚོས་འཚོ་བཅུད་དོ་སྙོམས་ཟ་དགོས། རབ་བྱུང་ན་ཟས་ལ་གདམ་ག་བྱེད་མི་བྱེད་པ། ཟས་རིགས་མང་པོ་ཟས་ན་འཚོ་བཅུད་རིགས་འདྲ་མིན་རག་གི་ཡོད་པས་གཟུགས་པོ་སྤྱི་ཡོངས་ལ་ཡག་པོ་ཆགས་ནས་ནད་འགོག་མ་ལག་སྟོབས་ཆེ་རུ་འགྲོ་བཞིན་ཡོད། ནད་འགོག་མ་ལག་སྟོབས་ཆེན་ཆགས་ན་ང་ཚོར་ནད་མང་པོ་ཞིག་ན་རྒྱུ་དང་འགོས་རྒྱུར་བཀག་འགོག་བྱེད་ཀྱི་ཡོད།

ང་ཚོས་གཤམ་གསལ་ཟས་སྤྱོད་ཁག་ལ་དོ་སྣང་བྱེད།

དང་པོ། སྣུམ་སྲེག་ཟས་རིགས་དང་ཤ་རིགས་ཉུང་ཉུང་ཟ་དགོས། ཚིལ་ལུ་དང་སྣུམ་ངན་ཉུང་ཙམ་ཟ་དགོས། ཤིང་ཏོག་རིགས་དང་སྔོན་ཚལ་རིགས་མང་ཙམ་ཟ་དགོས། དེ་བཞིན་གྲོ་ཕྱེ་རིགས་མང་ཙམ་ཟ་དགོས། ཟ་མ་རྒྱགས་དྲགས་པ་ཟ་མི་རུང་། དེ་ནི་ནད་མང་པོ་ཞིག་གི་འབྱུང་རྩ་ཡིན་འདུག

གཉིས་པ། ཐ་མག་འཐེན་མ་རུང་ལ་ཆང་ཡང་ཚད་རན་པ་འཐུང་དགོས། ཡག་ཤོས་བྱུང་ན་ཐ་མག་དང་ཆང་གཅོད་ཐབས་བྱེད་དགོས། ཐ་མག་དང་ཆང་ཀྱིས་འབྲས་སྐྲན་རིགས་མི་འདྲ་བ་དྲུག་ན་བའི་རྒྱུ་གསོག་གི་ཡོད་འདུག གློ་བའི་འབྲས་སྐྲན་དང་མིད་པའི་འབྲས་སྐྲན། ཁའི་འབྲས་སྐྲན། ནུ་མའི་འབྲས་སྐྲན། རྒྱུ་དཀར་གྱི་འབྲས་སྐྲན། མཆིན་པའི་འབྲས་སྐྲན་འབྱུང་གི་ཡོད་འདུག

གསུམ་པ། གཟུགས་པོ་རྒྱག་ཚད་ཏག་ཏག་ཉར་དགོས། རྒྱག་ཚད་ཏག་ཏག་ཉར་ཐུབ་ན་འབྲས་ནད་རིགས་བཅུ་གསུམ་ཉུང་དུ་གཏོང་ཐུབ་ཀྱི་ཡོད་འདུག རྒྱུན་དུ་ལུས་རྩལ་རྩེད་དགོས། ཉིན་རྟག་ཉུང་མཐའ་ཡང་ཆུ་ཚོད་ཕྱེད་ཀར་ལུས་སྦྱོང་རྩེད་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེ་ནི་གོམ་པ་རྒྱག་པ་དང་། བྲོ་འཁྲབ་པ། རྩེད་མོ་རྩེད་པ་སོགས་རང་ཉིད་ཀྱི་དགའ་ཕྱོགས་ཀྱི་ལུས་རྩལ་རྩེད་ན་རྒྱུན་སྐྱོང་ཐུབ།

བཞི་པ། ཉི་འོད་ནས་རང་ཉིད་སྲུང་སྐྱོབ་བྱེད་དགོས། བྱུང་ན་ཉི་འོད་ཤུགས་ཆེན་པོ་ཡོད་དུས་ཕྱིར་འགྲོ་རྒྱུ་མེད། འགྲོ་དགོས་བྱུང་ན་ཞྭ་མོ་གྱོན་རྒྱུ་དང་གཟུགས་པོ་ཁེབས་པའི་གོས་གྱོན་པ། ཉི་སྲུང་མིག་ཤེལ་གོན་པ་དང་ཉི་སྲུང་ཤ་གསོས་(sunscreen) བྱུགས་པ་བཅས་བྱེད་དགོས། དེ་ལྟར་བྱས་ན་པགས་པའི་འབྲས་སྐྲན་དང་པགས་པ་ནད་རིགས་སྔོན་འགོག་བྱེད་ཐུབ།

ལྔ་པ། ཟས་རིགས་ལ་ཚྭ་མང་བ་དང་ཚ་དྲགས་པར་འཛེམ་དགོས། དུས་ཡུན་རིང་པོ་ཚྭ་མང་དྲགས་པ་དང་ཚྭ་དྲགས་པའི་ཟ་མ་ཟས་ན་འབྲས་སྐྲན་འབྱུང་སླ་བ་རེད། ཟས་རུལ་བཟའ་རྒྱུར་འཛེམ་དགོས། ཟས་རིགས་རུལ་པ་བཟས་ན་མཆིན་པའི་འབྲས་སྐྲན་འབྱུང་བའི་ཉེན་ཁ་ཡོད།

བོད་ཀྱི་ལོ་རྒྱུས་ཡིག་ཆ།