26
Wed, Jun
23 New Articles

བོད་དུ་ཁ་བ་ཤུགས་ཆེན་བབས་ནས་སྒོ་ཟོག་དང་རི་དྭགས་རྣམས་ལ་དཀའ་ངལ་འཕྲད་འདུག

བོད་ཀྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༢ཚེས་༡༢ཉིན་སྤེལ། བོད་ཁམས་ཡུལ་ཤུལ་ཕྱོགས་སུ་ཉེ་ཆར་ཁ་བ་ཤུགས་ཆེན་བབས་ནས་སྒོ་ཟོག་སེམས་ཅན་དང་རི་དྭགས་སྟོང་ཕྲག་མང་པོ་ལྟོགས་ཤི་ཐེབས་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་དང་། བོད་མི་ཚོས་སེམས་ཅན་རྣམས་ལ་རྩྭ་སོགས་སྐྱེལ་ནས་ཛ་དྲག་མྱུར་སྐྱོབ་ཀྱི་ལས་འགུལ་སྤེལ་འདུག

དེ་ཡང་། བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དགུན་གྱི་དུས་འདིར་བོད་ཀྱི་ས་ཆ་མང་པོ་ཞིག་ལ་ཉེ་ཆར་ཉིན་ཤས་ཀྱི་ནང་ཁ་བ་ཤུགས་ཆེན་བབས་ནས་རི་དྭགས་རྩ་གཟན་གྱི་རིགས་མང་པོ་དང་། རོང་འབྲོག་མང་ཚོགས་ཀྱི་སྒོ་ཟོག་སེམས་ཅན་མང་པོ་ཞིག་ལྟོགས་ཤི་དང་འཁྱག་ཤི་ཐེབས་བཞིན་ཡོད་འདུག་ཅིང་།

ས་གནས་ཁག་གི་ཚོགས་པ་དང་ས་གནས་ཡུལ་མི་ཚོེས་རོང་འབྲོག་གི་སྒོ་ཕྱུག་སེམས་ཅན་དང་། རི་དྭགས་སེམས་ཅན་མང་པོ་གངས་ཀྱི་འོག་ཚུད་ནས་ལྟོགས་ཤི་ཐེབས་བཞིན་པ་སྐྱོབ་ཐབས་ཆེད་གཟན་རྩྭ་འོར་འདྲེན་ལ་སོགས་པའི་ཛ་དྲག་གི་ལས་འགུལ་སྤེལ་བཞིན་ཡོད་པ་བརྙན་ཐུང་དང་པར་རས་འདྲ་མིན་རྒྱུད་ནས་མཐོང་བཞིན་འདུག

གསལ་བསྒྲགས་ཀྱི་ས་མིག