20
Fri, Jul
34 New Articles

བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས།

བོད་དོན་གསར་འགྱུར།
Typography

མི་ལོ་ལྔ་ཡི་དུས་བཀག་ཁྲིམས་ཐག་བཅད་མ་ཐག་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་ངོས་ལེན་མེད་པའི་ཐོག་ནས་སླར་ཡང་གོང་གཏུགས་བྱས་ཡོད་པ་ཁོང་གི་ཁྲིམས་རྩོད་པ་ལིང་ཞོ་ཇུང་ལགས་ཀྱིས་དྲ་ལམ་སྤེལ་ཡོད་འདུག

དེ་ཡང་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ཀྱི་ཁྲིམས་རྩོད་པ་སྐུ་ཞབས་ལིང་ཞོ་ཇུང་ལགས་ཀྱིས་(liang xiaojun)ལགས་ཀྱིས་ཟླ་འདིའི་ཚེས་༡༨་ཉིན་འཕྲུལ་སྒྲ་(twitter) དྲ་ལམ་བརྒྱུད་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གིས་མི་ལོ་ལྔ་ཡི་དུས་བཀག་ཁྲིམས་ཐག་བཅད་མ་ཐག་པའི་བོད་ཀྱི་སྐད་ཡིག་ཐོབ་ཐང་རྩོད་ལེན་པ་བཀྲ་ཤིས་དབང་ཕྱུག་ལགས་ད་སྐབས་ཡུལ་ཤུལ་གྱི་བཀག་ཉར་ཁང་ཞིག་ན་ཡོད་པ་དང་། ཁོང་གིས་ཉེས་མེད་ཀྱི་ཁྲིམས་ཆད་དེ་ལ་ངོས་ལེན་མ་བྱས་བའི་ཐོག་ནས་སེམས་ཐག་ཆོད་པོས་རྒྱ་ནག་གི་གོང་རིམ་ལ་ཞུ་གཏུག་གི་ལས་དོན་འགོ་ཚུགས་ཟིན་འདུག་ལ། དེའི་ཐད་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་ཞིབ་གཤེར་བྱེད་རྒྱུ་ཡིན་པ་འཁོད་ཡོད་པ་ལས་གནས་ཚུལ་གཞན་ཅི་ཡང་ཁ་གསལ་མེད་པ་རེད་འདུག

གསལ་བསྒྲགས་ཀྱི་ས་མིག