༸གོང་ས་མཆོག་ལ་དོན་བརྒྱུད་འབྲུག་པ་དཀར་བརྒྱུད་ཀྱི་ལྷ་སྡེ་མི་སྡེ་ཡོངས་ནས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།
ཕྱི་ལོ་༢༠༢༥ ཟླ་༤ ཚེས་༢ ཉིན། བཞུགས་སྒར་རྡ་རམ་སའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འབྲུག་གསང་སྔགས་ཆོས་གླིང་དང་འབྲུག་ཨ་མི་ཊ་པ་བཙུན་དགོན་གདན་ས་གཉིས་ཀྱིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།