བཞུགས་སྒར་དུ་རྟེན་གཞི་བྱེད་པའི་རིགས་ལ་སློབ་གཉེར་ཁང་གི་དུས་དེབ་ལྷག་བསམ་བརྩེགས་པ་ཞེས་པར་ཤེས་ཡོན་སློབ་གསོའི་སྐོར་རྩོམ་ཞིག་བོད་བསྒྱུར་གནང་འདུག་པ་གཤམ་དུ་བཀོད་པར་གཟིགས་རོགས།
ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གླེང་མོལ།
ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གླེང་མོལ།
ལྗོན་ཌེ་ལྦིས། ཤེས་ཡོན་ནི་མི་ཚེའི་གྲ་སྒྲིག་མིན། ཤེས་ཡོན་ཉིད་མི་ཚེའོ།།
སྤྱིར་སྐྱེ་བོ་སུ་འདྲ་ཞིག་ཡིན་རུང་རང་ཉིད་སྙན་གྲགས་ཅན་ཞིག་ཏུ་འགྱུར་འདོད་མེད་པ་ག་ལ་ཡོད། འོན་ཀྱང་དེའི་ཐབས་ཚུལ་མི་ཤེས་པར་དེ་འདྲའི་གྲུབ་འབྲས་སོན་དུས་ནམ་ཡང་ཤརརྒྱུ་མེད་པ་ཞིག་ཡིན། རང་ཉིད་དོན་དམ་གྱི་མཁས་པ་ཞིག་ཏུ་འགྱུར་བར་རིག་པའི་གནས་བྱེ་བྲག་པ་ཞིག་ལ་མཐར་ཕྱིན་གྱི་སྦྱངས་བརྩོན་བྱས་ན་འགྲིག་གི་ཤེས་བྱའི་གནས་ཡོད་ཚད་ལ་ཐོས་བསམ་མཐར་ཕྱིན་པ་མ་བྱུང་ནའང་སྐྱོན་མེད། ནང་པའི་གཞུང་ལུགས་ནས་བཤད་པ་ལྟར་རང་ཉིད་ས་མཐོན་པོར་སོན་པ་ཞིག་མིན་ཚེ་རིག་པའི་གནས་ཀུན་ལ་མཁས་པར་འགྱུར་བ་ཤིན་ཏུ་དཀའ། དེ་ལས་ཤེས་བྱའི་གནས་གཅིག་གི་སྟེང་རིགས་གཅིག་རྐང་འཛིན་ལྟ་བུར་བཟུང་ཤིང་དེའི་ཐད་རང་ངོས་ནས་འབད་རྩོལ་བསྟེན་དགོས་པ་གལ་ཆེར་མཐོང༌། དེ་མིན་རྒྱུན་དུ་རླུང་རྟ་ཉིད་ལ་རེ་བ་བཅོལ་ཕྱིན་ཆད་གྲུབ་འབྲས་བཟང་པོ་ཞིག་ག་ནས་ཐོབ༌། བློ་ལྡན་མཁས་པ་རྣམས་ཀྱིས་ཇི་ལྟར་བརྩོན་པ་བཞིན་རང་ངོས་ནས་ཀྱང་དེ་མཚུངས་བྱེད་ཐུབ་པ་ཞིག་བྱུང་ན་ཁོང་རྣམ་པས་གང་ཐོབ་པའི་གྲུབ་འབྲས་དེ་དང་མཉམ་པ་ཞིག་རང་ལའང་ཐོབ་ངེས་རེད། གལ་ཏེ་ང་ཚོས་སོ་སོའི་འཚོ་ཐབས་ཙམ་མིན་པར་བྱ་བ་བཟང་པོ་ཞིག་གི་ཆེད་འབད་རྩོལ་བྱས་ཚེ་གཞན་གྱིས་ཀྱང་གང་ཐུབ་རོགས་འདེགས་བྱེད་རྒྱུ་ནི་མངོན་སུམ་ཚད་མས་གྲུབ་ཡོད་པ་རེད། དེ་ཡང་སློབ་དཔོན་ཞི་བ་ལྷས། གོམས་ན་སླ་བར་མི་འགྱུར་བའི། །དངོས་དེ་གང་ཡང་ཡོད་མ་ཡིན། །ཞེས་གསུངས་པ་ལྟར་ཐོག་མར་བྱ་བ་གང་ཞིག་རང་ངོས་ནས་འབད་རྩོལ་མ་བརྟེན་པར་འགྲུབ་ཐབས་མེད།
དེ་བས་ན། རང་གི་བྱ་བ་དེའི་ཐད་འབད་རྩོལ་དང་གོམས་འདྲིས་བྱེད་དགོས་པ་ཙམ་མ་ཟད་དམིགས་ཡུལ་ངེས་ཅན་ཞིག་བཟུང་སྟེ་དོན་དེ་བསྒྲུབ་པའི་སླད་དུ་རང་ངོས་ནས་གང་ཡང་བློས་གཏོང་ཐུབ་པའི་འདུན་པ་དྲག་པོ་ཞིག་བཅང་དགོས་པ་ཤིན་ཏུ་གལ་ཆེ། མཁས་པ་ཆེན་པོ་ཨེན་ཐོ་ནི་རོ་བྷིན་ལགས་ཀྱིས་མི་རྣམས་ལེ་ལོ་ཅན་མིན། ཁོང་ཚོར་ཀུན་ནས་སློང་བྱེད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་མེད་པའི་ལན་པ་ཡིན་ཞེས་གསུངས་པ་བཞིན་ཀུན་ནས་སློང་བྱེད་ཀྱི་དམིགས་ཡུལ་ངེས་ཅན་ཞིག་དང༌། དེ་རང་གི་ཐོབ་ནུས་ཞིག་ཡིན་ཚེ་དེས་སེམས་ཤུགས་དང་ནུས་པ་ཁྱད་པར་ཅན་ཞིག་སྟེར་གྱི་ཡོད་པ་རེད། རང་ཉིད་ལ་སེམས་ཤུགས་དེ་འདྲ་ཞིག་ཡོད་ཕྱིན་ཆད་ཕྱི་ནང་གི་གནས་སྟངས་ཇི་ལྟར་རུང་རང་གི་འབད་རྩོལ་རྒྱུན་མི་ཆད་པར་བསྟེན་ཐུབ་པ་ནི་སྔོན་བྱོན་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གླེང་མོལ། འཕགས་བོད་ཀྱི་སྐྱེས་བུ་དམ་པ་དེ་རྣམས་ཀྱི་རྣམ་ཐར་ལས་ཤེས་ཐུབ། ཡིན་ནའང་ང་དང་འདྲ་བའི་མི་མང་པོ་ཞིག་ནས་རང་ཉིད་ཀྱིས་འབད་རྩོལ་མ་བསྟེན་པའམ་རང་ལ་དེ་འཐོབ་བྱེད་ཀྱི་ནུས་པ་ཞིག་ཡོད་པར་མི་ཤེས་གོང་རླུང་རྟའམ་འགྱུར་བ་ཆེན་པོ་ཞིག་རང་བཞིན་གྱིས་འབྱུང་ཡོང་སྙམ་ནས་ཁ་གཡེང་མིག་གཡེང་གི་སྒོ་ནས་གསེར་ལས་ཀྱང་ཆེས་དཀོན་པའི་དུས་ཚོད་ཆུད་ཟོས་སུ་གཏོང་བ་ནི་ཧ་ཅང་གི་ཕངས་པོ་དང་ནོར་བ་ཆེན་པོ་ཡིན་པ་རེད། མང་པོ་ཞིག་གིས་རང་ལ་ནུས་པ་ཡོད་ཀྱང་འདི་ངས་བྱེད་མི་ཐུབ་སྙམ་པའི་བདག་ཉིད་ལ་བརྙས་པའི་ལེ་ལོའི་དབང་དུ་སོང་བར་འདུག་པས་དེའི་མི་མཐུན་པའི་ཕྱོགས་བརྩོན་འགྲུས་ངེས་པར་དུ་བསྟེན་དགོས།
གཞན་ཡང་མཁས་པ་ཆེན་པོ་ཨེལ་བྷཊ་ཨ་ཡིནས་ཊོན་ལགས་ཀྱིས་ཤེས་བྱ་ལས་བློའི་འཆར་སྣང་ནུས་པ་ཆེ་ཞེས་གསུངས་པ་བཞིན་རང་གིས་རང་ལ་ཡང་ཡང་བསྐུལ་མ་བཏང་བ་ན་བློའི་ནང་ནས་འགྱུར་བ་ཞིག་ཕྱིན་པའི་སྟོབས་ཀྱིས་བདག་ཉིད་ལ་བརྙས་པའི་ལེ་ལོ་དེའི་གཞི་རྩ་མེད་པར་བཟོ་ཐུབ། དེར་མ་ཟད་མིའི་བསམ་བློའི་ནུས་པ་ནི་འདི་ཙམ་མོ་ཞེས་ཟེར་ཐུབ་པ་ནི་སངས་རྒྱས་ཁོ་ན་ཡིན་པས་ངེད་ཅག་དགའ་སྤྲོ་སྐྱེ་བའི་གནས་ཡིན་པ་དང༌། དེ་ཡང་དཔེར་ན། ཀུ་ཤུ་ཞིག་ལ་རང་གིས་དེ་སྐྱུར་འབྲས་ཡིན་བསམས་ནས་ཟས་སྙམ་པ་ན་རང་གི་ཁ་ལ་ཆུ་རང་བཞིན་གྱིས་འཁོར་ཡོང་བས་དེར་དོན་དངོས་ཐོག་སྐྱུར་འབྲས་ཞིག་ཨེ་ཡོད་ཟེར་ན་མེད་པ་རེད། འོ་ན་ཁ་ཆུ་ཇི་ལྟར་འབྱུང་བ་ཡིན་ཞེ་ན། ང་ཚོས་འདི་སྐྱུར་འབྲས་ཡིན་བསམ་པའི་བསམ་པ་ཤུགས་དྲག་སྐྱེ་ཚེ་ཀླད་པས་དེ་གཉིས་བར་དབྱེ་བ་ཕྱེ་མི་ཐུབ་པར་མིག་ནས་ཀུ་ཤུ་ཞིག་མཐོང་ཡང་ཀླད་པས་འདི་སྐྱུར་འབྲས་ཡིན་སྙམ་པས་ཡིན། མདོར་ན་རང་ཉིད་གཞན་ལས་ཀྱང་མཁས་པར་འགྱུར་འདོད་ཡོད་ཕྱིན་ཆད་གཞན་ལས་ཀྱང་དཀའ་བ་དང་བརྩོན་འགྲུས་ལྷག་པར་བྱེད་དགོས་པ་ཞིག་སྟེ། མཁས་པས་སོ་སོའི་དམིགས་ཡུལ་དེ་སྒྲུབ་ཆེད་དུ་ཇི་ལྟར་བརྩོན་པ་བཞིན་རང་གིས་ཀྱང་དེ་དང་མཚུངས་པར་བྱེད་དགོས་པ་ནི་གནད་ཆེ་བ་ཞིག་ཡིན་པ་ཀུན་གྱི་མཁྱེན་དགོས་ངེས་རེད།
དེ་ཙམ་མ་ཟད་ལུས་ཀྱང་ཐང་པོ་དགོས་པ་ནི་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་སོང་བས་ལུས་རྩལ་སོགས་གང་ཐུབ་འཚམས་པར་བྱེད་དགོས་པ་ནི་ཀླད་པའི་རྡུལ་ཕྲ་མོར་དགོས་མཁོ་ཆེ་བའི་སྲོག་འཛིན་གྱི་རླུང་འཕེལ་བར་ཕན་ཡོན་ཆེ། དེའི་ཐོག་རང་ཉིད་ཀྱི་སྤྱོད་ལམ་བཟང་པོ་དགོས་པ་དང་གཉིད་དང་ལྟོ་ཆས་རིགས་ལའང་དོ་སྣང་སྤྲོད་དགོས། དངོས་པོའི་ཡར་རྒྱས་ཧ་ཅང་ཆེ་བའི་དུས་རབས་འདི་ན་མང་པོ་ཞིག་ནས་བྱ་བ་གང་བྱེད་གྲུབ་འབྲས་མྱུར་དུ་འཐོན་དགོས་པའི་རྣམ་པ་བསྟན་གྱི་འདུག་པས་འདི་ནི་ཡོན་ཏན་ཞིག་གཏན་ནས་མིན། ཁ་རྒྱུན་དུ་ག་ལེར་ཕེབས་དང་མགྱོགས་པོར་སླེབས་ཞེས་ཟེར་བ་བཞིན་རང་གིས་བྱ་བ་གང་བྱེད་པ་དེ་དུས་རིང་ཙམ་འགོར་ཡང་སེམས་མ་ཞུམ་པར་མུ་མཐུད་བརྩོན་ན་གྲུབ་འབྲས་རང་བཞིན་གྱིས་འཐོན་ཡོང་བ་དང༌། དེ་ལས་ལྡོག་ཏེ་གྲུབ་འབྲས་ལམ་སེང་དགོས་ཟེར་མཁན་གྱི་གང་ཟག་མང་པོ་ཞིག་མཐར་ཅི་བྱེད་འདི་བྱེད་མེད་པར་འགྱོད་པས་མནར་བ་དེང་དུས་མཐོང་རྒྱུ་ཡོད་པ་རེད། གཞན་ཡང་ནང་པའི་བསྟན་བཅོས་དུ་མ་ལས། རྒྱུ་ཚོགས་པ་ལས་འབྲས་སྐྱེ་བར་ཞེས་གསུངས་པ་ལྟར་རང་ངོས་ནས་གང་ཐུབ་རྒྱུ་གང་ཡིན་དེ་དག་ངོ་འཕྲོད་པ་ཞིག་བྱས་ནས་དེ་ཚོགས་པར་འབད་པ་དང་བརྩོན་འགྲུས་བསྟེན་དགོས།
སློབ་ཕྲུག་ལྟ་བུ་ཞིག་ལ་མཚོན་ནའང་གོང་གི་དོན་ཚན་དེའི་ཐོག་དུས་ཚོད་རེའུ་མིག་གི་ཕན་ཡོན་མཐོང་བའི་ངང་ནས་དུས་ཚོད་ལ་བརྩི་འཇོག་གནང་དགོས། གང་ཡིན་ཞེ་ན། དུས་ཀྱི་རིན་ཐང་དེ་ངོ་འཕྲོད་དཀའ་བ་དང་བག་མེད་ཀྱི་དབང་དུ་སོང་ཚེ་དུས་གང་ཡིན་ཁ་གཡེང་མིག་གཡེང་བྱེད་པས་རང་གི་མི་ཚེའི་དུས་བཟང་ཤོས་དེ་ནམ་འདས་ཤེས་མི་ཐུབ་པར་འགྱུར། འོ་ན་དུས་ཚོད་རེའུ་མིག་ཇི་ལྟར་ཞིག་དགོས་ཤེ་ན། སློབ་ཕྲུག་ལྟ་བུར་མཚོན་ན་སློབ་ཚན་སོ་སོའི་རེའུ་མིག་དེའི་ཐོག་ཏུ་རྒྱུན་གཏན་དུ་བྱ་དགོས་པའི་རེའུ་མིག་ཞིག་ཀྱང་བཟོ་དགོས་པ་རེད།
དེའི་ཚུལ་ཡང༌། སློབ་གྲྭར་མི་ཕེབས་གོང་གང་འཁྲིད་རྒྱུའི་སློབ་ཚན་དེ་གང་ཐུབ་ཀློག་པར་འབད་དགོས་པ་དང༌། འཛིན་གྲྭའི་སྐབས་སུའང་ཐོག་མར་དགེ་རྒན་མ་ཕེབས་གོང་གི་བར་གསེང་ཡུད་ཙམ་ཡོད་པ་དེར་ཁྲིད་ཟིན་ཀྱི་སློབ་ཚན་བཀླག་ཙམ་བྱེད་པ་དང༌། ཚོགས་ཐེངས་གྲོལ་རྗེས་དེ་མ་ཐག་ཀློག་དེབ་ཁ་མི་རྒྱག་པར་གང་ཁྲིད་པའི་བརྗོད་བྱ་རྣམས་ཡིད་ཤར་བྱེད་པའམ་བསྐྱར་དུ་ཀློག་པ་དང༌། དེ་ནས་དགོང་མོར་ཉིན་གཅིག་གི་སློབ་ཚན་དེ་དག་གི་སྙིང་དོན་ཞིག་ལེན་ཐུབ་པར་བརྩོན་དགོས་པ་ཤིན་ཏུ་གལ་ཆེ། དེ་ཙམ་གྱིས་མི་ཆོག་པར་སྐྱར་སྦྱོང་ཡང་ཡང་བྱེད་དགོས་པ་དང་དེའི་ཚུལ་ཡང༌། ཉིན་མོའི་སློབ་ཚན་དགོང་མོར་བསྐྱར་སྦྱོང་བྱེད་པ་དང༌། དེ་ནས་རེས་གཟའ་ཉི་མ་གང་ཡིན་བདུན་གཅིག་གི་སློབ་ཚན་དེ་དག་བསྐྱར་སྦྱོང་བྱེད་པ་དང༌། ཟླ་བའི་རྫོགས་མཚམས་དེར་ཟླ་གཅིག་གི་སློབ་ཚན་ཡོངས་རྫོགས་བསྐྱར་སྦྱོང་བྱེད་པ་སོགས་ནི་ཐབས་ཤེས་བཟང་པོ་ཞིག་ཡིན་པས་ཀུན་ནས་འདིར་འབད་ན་ཕན་ཡོན་ཆེན་པོ་ཞིག་ཐོབ་རྒྱུ་རེད།
བསྐྱར་སྦྱོང་དེ་འདྲ་བྱེད་དགོས་དོན་གཙོ་བོ་ནི་ཡིག་ཚད་ཙམ་དུ་མ་ཟད་རྒྱུན་དུ་དྲན་ཤེས་བརྟན་པོར་གནས་ཐུབ་པའི་ཆེད་ཡིན། མང་པོ་ཞིག་ནས་སློབ་སྦྱོང་བྱེད་སྐབས་ཆུ་ཚོད་གཉིས་གསུམ་མུ་མཐུད་ནས་བྱེད་ཀྱི་འདུག་པས་དེ་ལས་བར་གསེང་ཐུང་བ་རེར་སྐབས་སྐབས་སུ་ལེན་ཐུབ་པ་ཞིག་བྱུང་ན་རང་གི་བརྩོན་འགྲུས་མཐའ་མེད་པ་ཞིག་ཏུ་འགྱུར་ཐུབ་སྟེ། དཔེར་ན། ཐོག་མར་ཞི་གནས་བསྒོམ་ཚེ་ལས་དང་པོ་བ་ཞིག་ནས་ཐུན་མཚམས་ཡང་ཡང་ལེན་པས་རང་གི་ཞི་གནས་འགྲུབ་པར་ཉོབ་སྣང་མི་སྐྱེ་བ་བཞིན་ཡིན་སྙམ། དུས་དུས་སུ་སྙན་གྲགས་ཅན་གྱི་མིའི་ལོ་རྒྱུས་སོགས་གཟིགས་ཐུབ་ན་རང་གི་སེམས་མི་ཞུམ་པར་ཕན་ཡོན་ཆེ། མ་ཟད་སློབ་གཉེར་དེ་དུས་ཡུན་ཐུང་ཙམ་ཆེད་མིན་པར་མི་ཚེ་གང་པོར་སློབ་གཉེར་ཆེད་བརྩོན་དགོས་སྟེ། ཚེ་གང་སློབ་གཉེར་གྱིས་ཕྲུ་གུ་དང་ན་གཞོན་ཙམ་དུ་མ་ཟད་མི་རྒན་པ་ལའང་ཕན་ཡོན་ཆེ། གསོ་རིག་དཔྱད་ཞིབ་ལས་མི་ཚེ་གང་པོར་སློབ་གཉེར་བྱེད་ཐུབ་པ་ཞིག་འབྱུང་ན་ལོ་ཡར་རྒས་ཀྱང་མིའི་ཀླད་པ་ཐང་པོར་གནས་ཐུབ་པ་དང༌། མ་ཟད་དེས་དྲན་ཤེས་རྒྱུན་རིང་གནས་བྱེད་ཀྱི་ཀླད་པའི་སྦུབས་ཕྲན་གསར་བསྐྱེད་དང༌། སྤྱིར་འཕྲོད་བསྟེན་ལ་ཕན་ཐོགས་ཆེ་བར་སྣང༌། མི་ཚེ་གང་པོར་སློབ་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་གླེང་མོལ། གཉེར་བྱེད་ཆེད་སློབ་གྲྭ་སོགས་ལ་འགྲོ་དགོས་དོན་མེད། རང་ཉིད་མཐོ་སློབ་སོགས་མཐར་ཕྱིན་པའམ་ཇི་ལྟར་རུང་འདི་ཇི་ལྟར་བྱ་ཞེ་ན། དཔེར་ན། བསམ་བློ་ནན་པོ་གཏོང་དགོས་པའི་དེབ་ཉིན་ལྟར་ཀློག་པ་དང༌། མགོ་རྙོག་གི་གབ་ཚིག་གམ་དྲི་བ་ཁག་ལ་ལན་འདེབས་བྱ་རྒྱུ། བརྗོད་བྱ་གང་ཞིག་ཐད་ཉམས་ཞིབ་བྱེད་རྒྱུ་བཅས་ཡིན། གཞན་ཡང་ཐབས་སྣ་ཚོགས་པ་ཞིག་ཡོད་པ་ཁྱེད་རྣམས་ནས་མཁྱེན་པར་མཛོད་ཅིག ཁེ་ལི་ཕོར་ནིཡ་ནས་ལོ་ངོ་༧༤ཡིན་པའི་སྐུ་ཞབས་བེ་ལྦེར་ལི་ལགས་ཀྱིས་ལོ་བདུན་ཙམ་གོང་ནས་ཚེ་གང་གི་སློབ་གཉེར་ཚོགས་པ་ཞིག་ནས་སློབ་ཚན་བླངས་པར་བརྟེན་ཁོང་གི་དྲན་ཤེས་ལ་ཡར་རྒྱས་ཆེན་པོ་ཞིག་བྱུང་ཡོད་འདུག
ཁོང་དང་འདྲ་བར་འགའ་ཞིག་གིས་ལོ་ཡར་རྒས་པ་ནི་ལུས་སེམས་གཉིས་ཀའི་ཆ་ནས་ཉམས་གུད་ཆེན་པོ་ཞིག་འབྱུང་རྒྱུ་ཡིན་ཡང་རང་ཉིད་ཀྱི་སློབ་གཉེར་མཚམས་མི་འཇོག་པས་ད་ཆ་ན་གཞོན་གཞན་དང་འདྲ་བར་དྲན་ཤེས་བརྟན་པོ་དང་ལུས་ཀྱང་ཐང་པོ་ཡོད་སྐོར་བརྗོད་ཀྱི་འདུག་པས་རང་ཅག་ཁ་བ་རི་པ་རྣམས་ནས་ཀྱང་འདིའི་ཐད་བསམ་བློ་ཞིག་གཏོང་རོགས་འཚལ། དེ་ཙམ་མ་ཟད་ཀླད་པའི་འཕྲོད་བསྟེན་ཡར་རྒྱས་གཏོང་བར་ལུས་རྩལ་ཡང་ཧ་ཅང་གལ་ཆེན་པོ་ཡིན་པ་རེད། ཉེ་བའི་ཆར་ཚན་རིག་པས་རྩི་རྩི་ཁག་གཅིག་སྦུབས་ལམ་སྣ་ཚོགས་དང་ལྡན་པའི་ལྕགས་ཁྲའི་ནང་རྩེད་ཆས་རིགས་འདྲ་མིན་ཡོད་སར་བཞག་ཅིང༌། རྩི་རྩི་གཞན་ཞིག་སྤྱིར་བཏང་གི་ཁོར་ཡུག་དང་ལྡན་པའི་ལྕགས་ཁྲའི་ནང་དུ་བཞག ཟླ་བ་དགུའི་རྗེས་སུ་དེ་གཉིས་ལ་བརྟག་དཔྱད་བྱེད་སྐབས་རྩི་རྩི་དང་པོའི་ཀླད་པའི་ནང་དུ་དྲན་པ་གསོག་འཇོག་གི་འཇུ་བྱེད་གཤེར་ཁུ་མང་བ་དང༌། རྫས་གཞན་མཐུན་པའི་རྐྱེན་ཡང་མང་བ་ཡོད་སྐོར་བརྗོད་འདུག་པས་ཕྱིའི་ལུས་དང་ནང་ཀླད་པའི་བྱེད་ལས་གཉིས་ཟུང་འབྲེལ་གྱིས་འབྲས་བུ་ཕུན་སུམ་ཚོགས་པ་ཞིག་འབྱུང་ངེས་རེད།
སྨྲས་པ།
དེང་རབས་མཁས་པའི་རྣམ་དཔྱོད་ལས་བྱུང་ཤེས་བྱའི་གནད་ལ་མཁོ་བ་ཡི།།
སློབ་གསོའི་གནད་དོན་མདོར་ཙམ་འདི་ཡང་ན་མཉམ་རིཊ་པའི་ཆོས་གྲོཊ་དང༌།།
ཁ་ལྗོངས་རིག་པའི་གཞུང་ལུགས་ལ་བརྩོན་ལང་ཚོའི་མྱུ་གུ་རྒྱས་བཞིན་པའི།།
སྐལ་ལྡན་བུ་རབས་གཉིད་ལས་སློང་བའི་ལྷག་བསམ་དུང་གི་སྒྲ་དབྱངས་ལཊ།།