27
Sat, Apr

རྒྱལ་སྤྱིའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་འདུ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༨ལོའི་ཟླ་༨ཚེས་༣༠ཉིན། ཇེ་ཎེ་ཝ་སུའུ་སིར་མི་རིགས་དབྱེ་འབྱེད་ཉིན་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པས་རྒྱ་གཞུང་གི་བོད་དང་ཡུ་གུར་སོག་པོ་བཅས་ཀྱི་ཐོག་འཛིན་པའི་སྲིད་ཇུས་དང་ཁྲིམས་ལ་དཔྱད་ཞིབ་བྱེད་དགོས་པའི་ནན་སྐུལ་བྱས་ཡོད་འདུག

དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མི་རིགས་དབྱེ་འབྱེད་རྩ་མེད་ཚོགས་ཆུང་གིས་ཟླ་སྔོན་མའི་ནང་སྙན་ཐོ་ཞིག་བཏོན་པའི་ནང་དུ། རྒྱ་ནག་ནང་གྲངས་ཉུང་མི་རིགས་ལ་གཉའ་གནོད་དང་སྡུག་རྩུབ་བྱས་པ་རྣམས་ཆེད་དུ་གསལ་སྟོན་བྱས་ཡོད་དང་། རྒྱ་གཞུང་གིས་༼འཇིགས་སྐུལ་རིང་ལུགས་ལ་རྒྱབ་འགལ༽དང་༼ཁ་བྲལ་པར་རྒྱབ་འགལ༽ཟེར་བའི་སྲིད་ཇུས་བཏོན་ནས། རྒྱ་གཞུང་གི་སྲིད་ཇུ་ལ་མི་འདོད་མཁན་རྣམས་ལ་བཀག་འགོག་དང་སྤྱི་ཚོགས་ནང་རང་དབང་ཉུང་རུ་གཏོང་བཞིན་ཡོད་པའི་སྐོར་ཡང་གསལ་སྟོན་བྱས་འདུག དེ་བཞིན་བོད་དང་སོག་པོ། ཡུ་གུར་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྐོར་ལའང་གླེང་ཡོད་པ་རེད་འདུག

ཚོགས་པ་དེས་བརྗོད་དོན། བོད་ལྷ་ས་ས་ཁུལ་དུ་ཡོད་པའི་བོད་མི་རྣམས་ནི་ས་ཁུལ་དེའི་ནང་དང་ཕྱི་ལོག་ཏུ་བསྐྱོད་པའི་རང་དབང་མེད་པར་མ་ཟད། ཕྱི་བསྐྱོད་ལག་འཁྱེར་ཡང་ཡོངས་སུ་བཀག་སྡོམ་བྱས་ཡོད་པར་སེམས་ཁུར་ཡོད་ཅེས་དང་། ལྷ་ས་ས་ཁུལ་དུ་བོད་ཡིག་རྒྱ་ཡིག་དང་འདྲ་མཉམ་བེད་སྤྱོད་བྱེད་ཆོག་པའི་སྲིད་ཇུས་དང་ཁྲིམས་མེད་པ། དེ་བཞིན་སྐད་ཡིག་ཐོབ་ཐང་རྩོད་པ་པོ་རྣམས་བཙོན་དུ་བཅུག་པ་སོགས་ལའང་སེམས་ཁུར་ཡོད།

དེ་ནས་རྒྱ་གཞུང་ལ་འབོད་སྐུལ་ཞུ་རྒྱུར། བོད་སྐད་ཡིག་སྲུབ་སྐྱོབ་བྱེད་ཆེད་སྐད་ཡིག་དེ་བེད་སྤྱོད་བྱེད་དུ་འཇུག་དགོས་པ་དང་། སྐད་ཡིག་དེ་སློབ་གྲྭ་དང་བརྒྱུད་ལམ། ཁྲིམས་ལུགས་ཐོག་ནས་བེད་སྤྱོད་བྱེད་རྒྱུར་ཡར་རྒྱས་གཏོང་། དེར་མ་ཟད། རྒྱ་གཞུང་གིས་བོད་སྤྱི་ཡོངས་ལ་འཛིན་པའི་སྲིད་ཇུས་ཀྱིས་བོད་མིར་ཤུགས་རྐྱེན་ཐེབས་ཀྱི་ཡོད་པར་སེམས་ཚབས་ཡོད།

ད་དུང་། བོད་མི་རྣམས་ལ་རང་ཉིད་ཀྱི་འཚོ་བ་རང་ཐག་རང་གཅོད་བྱེད་དུ་འཇུག་དགོས་པ་དང་། བོད་ཐོག་འཛིན་པའི་སྲིད་ཇུས་དེ་དག་ནི་བོད་མི་ཉིན་རེའི་འཚོ་བར་བཀག་སྡོམ་དང་ཆོས་དད་རང་དབང་མི་སྤྲོད་པ། འབྲོག་པ་རྣམས་བཙན་གྱིས་ཁོང་ཚོའི་མེས་པོས་བཞག་པའི་རྩྭ་ཐང་ནས་བྲལ་དུ་བཅུག་པ་སོགས་ཀྱི་སྲིད་ཇུས་དེར་ངེས་པར་དུ་འགྱུར་བ་གཏོང་དགོས། ཞེས་བརྗོད་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།