10
Fri, May

དེ་ཡང་མཛད་སྒོའི་སྐབས་སུ་གནས་མཆོག་རྡོ་རྗེ་གདན་དུ་ཕྱི་དྲོ་ཆུ་ཚོད་བཞི་བའི་ཐོག་སྐུ་མགྲོན་གཙོ་བོ་༧འཇམ་མགོན་རྒྱལ་བའི་རྒྱལ་ཚབ་༧དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་། ༧སྐྱབས་རྗེ་ཀཿཐོག་དགེ་རྩེ་རིན་པོ་ཆེ་མཆོག བཀའ་ཟུར་༧སྐྱབས་མགོན་ཀིརྟི་རིན་པོ་ཆེ་མཆོག།

༢༠༡༨།༠༡།༠༨ཉིན་སྤེལ། སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གསར་དུ་བཟོས་པའི་འབྱུང་རྩིས་ཨུཏྤལ་སྔོན་པོ་ཞེས་པའི་མཉེན་ཆས་དབུ་འབྱེད་ཀྱི་མཛད་སྒོ་གནས་མཆོག་རྡོ་རྗེ་གདན་དུ་འཚོགས་ཡོད་འདུག

དཔལ་ལྡན་སྲིད་སྐྱོང་སྐུ་མགྲོན་གཙོ་བོར་གྱུར་བའི་ཤེས་རིག་ལས་ཁུངས་ནས་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་གསུམ་པའི་ཁོངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་བརྒྱད་དེ། འདི་ལོའི་ཟླ་ ༢ ནང་ཚུད་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུར་གཏན་འཁེལ་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྐོང་བ། པར་བ་ཆོས་ཉིད།

༢༠༡༨།༠༡།༠༨ཉིན་སྤེལ། དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢།༣༠ ཐོག གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ནས་སློབ་ཁག་རྩིས་སྤྲོད་རྩིས་ལེན་གྱི་རིམ་པ་གསུམ་པའི་ཁོངས་སུ་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སློབ་ཁག་བརྒྱད་དེ། འདི་ལོའི་ཟླ་ ༢ ནང་ཚུད་སམ་བྷོ་ཊ་བོད་སློབ་ཚོགས་པར་རྩིས་སྤྲོད་གནང་རྒྱུར་གཏན་འཁེལ་བའི་སྐོར་གྱི་གསར་འགོད་གསལ་བསྒྲགས་ཤིག་སྐོང་སོང་།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་གནང་སྐབས། པར་རྒྱལ་བ་རིན་པོ་ཆེ་དྲ་བར་བླངས།

༢༠༡༨།༠༡།༠༨ཉིན་སྤེལ། སྟོན་པ་བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ཆོས་ཚུལ་རིགས་པའི་ལམ་ནས་གཏན་ལ་ཕབ་པའི་མཁས་པའི་དབང་པོ་དེ་དག་གིས་བརྩམས་པའི་ལེགས་བཤད་ང་ཚོས་སློབ་དེབ་བྱས་ཏེ་བལྟ་བ་དང་བསམ་བློ་བཏང་ནས་སྐབས་སུ་བབ་པའི་མི་ལའང་དེའི་ཐོག་ནས་འགྲེལ་བཤད་རྒྱག་གི་ཡོད།

དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསུང་བཤད་གནང་བཞིན་པ།

ད་ཆ་གཙུག་ལག་སློབ་ཁང་འདི་ཉིད་ནས་ཀྱང་ལྔ་དང་ལྔ་བཅུའི་འཆར་སྣང་ཐོག་དགོངས་པ་བཞེས་དགོས་པའི་དུས་ལ་བབས་ཡོད་ཅེས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་མཆོག་གིས་ཝཱ་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་ངོ་ལྔ་བཅུ་འཁོར་བའི་དུས་སྟོན་ཐོག་གསུང་གནང་ཡོད་འདུག

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་་བི་ཧར་མངའ་སྡེའི་བློན་ཆེན་སྐུ་ཞབས་ནི་ཏི་ཀུ་མར་མཆོག་རྣམ་གཉིས་ཀྱིས་ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ཀྱི་པོད་ཕྲེང་ལས་ཕྱི་གཟུགས་ཅན་སྐོར་གྱི་ཨིན་འགྱུར་པོད་ཕྲེང་དང་པོ་དབུ་འབྱེད་གནང་པ། པར་རྒྱལ་བ་རིན་པོ་དྲ་རྒྱར་བླངས།

༢༠༡༨།༠༡།༠༨ཉིན་སྤེལ། ནང་པའི་ཚན་རིག་དང་ལྟ་གྲུབ་ཀུན་བཏུས་ལས་ཕྱི་གཟུགས་ཅན་སྐོར་གྱི་དབྱིན་འགྱུར་དཔེ་དེབ་དབུ་འབྱེད་མཛད་པ།

༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཆོས་གནང་སྐབས། པར་དགའ་ལྡན་ཕོ་བྲང་ནས་བླངས།

༢༠༡༨།༠༡།༠༦ཉིན་སྤེལ། “སེམས་ཁམས་རིག་པ་བས་སེམས་ཀྱི་སྐོར་བཤད་པའི་སྐབས་སུ་གཙོ་བོ་སྒོ་ལྔའི་ཤེས་པ་རྐྱང་བཤད་པ་ལས་ཡིད་བློའི་སྟེང་ལ་དོ་སྣང་བྱས་མེད། ད་ལྟ་གཞི་ནས་དོ་སྣང་བྱེད་ཀྱི་འདུག” ཅེས་གོང་ས་མཆོག་གིས་གསུང་བ།

བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོ་ཨ་མདོ་ཤར་པ་དྲང་སྲོང་ཟླ་བ་དར་རྒྱས་མཆོག

བཀའ་རབ་འབྱམས་པ་ཟླ་བ་དར་རྒྱས་མཆོག་༸རྒྱལ་བ་སྨན་རིའི་ཁྲི་འཛིན་ ༣༤ པར་རྟགས་སྒྲིལ་དུ་བབས་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་འཚམས་འདྲི་ཞུས་གནང་ཡོད་འདུག

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།