28
Sun, Apr

སྤྱིར་བཏང་འཛམ་གླིང་གི་འགྱུར་འགྲོས་དང་བསྟུན་ནས་ས་གནས་ཁག་གི་ལག་ཤེས་སྦྱོང་བརྡར་ཁང་དེ་དག་གིས་ཀྱང་གསར་གཏོད་ཀྱི་རྣམ་པའི་ཐོག་ལས་གཞི་ག་རེ་སྤེལ་དགོས་མིན་གྱི་ཐད་ལ་དགོངས་བཞེས་གནང་དགོས་པ་ཆགས་འདུག

ང་རང་དེ་སྔའི་དམར་ཤོག་རྒྱལ་ཁབ་ནས་ཡོང་བ་ཞིག་ཡིན་སྟབས་བོད་མིའི་དཀའ་ངལ་དང་རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ལ་འཛིན་བཞིན་པའི་སྲིད་བྱུས་དེ་དག་ཧ་ཅང་རྒྱུས་མངའ་ཡོད། ང་ཚོས་རྒྱ་ནག་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོའི་ལས་འགུལ་དེར་ངོ་རྒོལ་བྱེད་བཞིན་ཡོད། ཅེས་བཞུགས་སྒར་ངྷ་རམ་ས་ལར་འཚམས་གཟིགས་སུ་ཕེབས་པའི་ཡུ་རོབ་གྲོས་ཚོགས་འཐུས་མི་གསུམ་གྱིས་གསུངས་འདུག

ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་ཉིན་གུང་ཆུ་ཚོད་༡༡:༣༠ སྟེང་། སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༡ ཐོག་རྩིས་ཞིབ་སྤྱི་ཁྱབ་པར་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༡ ནས་རྒྱུན་ལས་ཚོགས་ཁང་དུ་གསང་བའི་འོས་ཤོག་འཕངས་ཡོད་པ་དང་། སྤྱི་འཐུས་རྒྱུན་ལས་ངོ་ཡོད་གསུམ་ཆ་གཉིས་ཡན་གྱིས་མོས་མཐུན་བྱུང་སྟེ། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གཞུང་ཞབས་དྲུང་ཆེ་ཟུར་པ་སྐུ་ཞབས་ཨརྱ་པདྨ་དགྲ་འདུལ་ལགས་རྩིས་ཞིབ་སྤྱི་ཁྱབ་པར་བདམས་ཐོན་བསྐོ་གཞག་བྱུང་བའི་གསལ་བསྒྲགས་གནང་ཡོད་འདུག

ཁ་སང་ཕྱི་ལོ་ ༢༠༡༨ ཟླ་ ༤ ཚེས་ ༣༠ ཉིན་གྱི་སྔ་དྲོ་ས་རཱ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་སྐབས་ ༡༧ མཐོ་རིམ་རིག་གནས་རབ་འབྱམས་པ། སྲི་ཞུའི་ལས་བྱེད་དམིགས་སྒོའི་འོས་སྦྱོང་བཅས་ཀྱི་བསླབ་པ་མཐར་སོན་གྱི་མཛད་སྒོ་ཞིག་ཚོགས་འདུག

ད་ལྟའི་ཆར་རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱོགས་ཡོངས་ནས་དོགས་གཟོན་དང་མྱུལ་ཞིབ་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བཞིན་ཡོད་པས། དེ་ལ་བརྟེན་ནས་སྨྲ་བརྗོད་དང་ཆོས་ལུགས་སོགས་ཀྱི་གཞི་རྩའི་རང་དབང་དང་ཐོབ་ཐང་མང་པོ་ཞིག་རྡོག་རོལ་གཏོང་ཐུབ་ཀྱི་ཡོད་ཁར། མ་འོངས་པར་གནས་སྟངས་དེ་ཛ་དྲག་ཏུ་འགྲོ་བའི་སེམས་འཚབ་ཡོད་སྐོར་བརྗོད་སོང་།

ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢་ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྲི་ཞུའི་ལས་བྱེད་བགྲེས་ཡོལ་དུ་ཕེབས་མཁན་༣༣་དང་གཞན་ཡང་བཟའ་ཟུར་བགྲེས་པ་སྟེ།ཁྱོན་མི་གྲངས་༦༦ལ་མཇལ་ཁ་བསྩལ་བ་དང་ལྷན་ཁོང་རྣམས་ལ་སྲི་ཞུའི་རྗེས་དྲན་ཆེད་ཁ་བཏགས་རེ་དང་བོད་རྗེ་སྲོང་བཙན་སྒམ་པོའི་སྐུ་བརྙན་རེ་ཕྱགས་རྟགས་གསོལ་བསྩལ་དང་། བཀའ་སློབ་སྩོལ་སྐབས་བོད་ཀྱི་རིག་གཞུང་དང་སྐད་ཡིག་གིས་ཆོལ་ཁ་གསུམ་ཡོངས་རྫོགས་གཅིག་འགྱུར་བྱས་ཡོད་ཅེས་གསུངས།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་བཀའ་ཤག་ཚོགས་ཁང་ནང་ཕྱི་ལོ་ ༢༠༡༩ ལོའི་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་ ༦ དང་སྒུག་ཐོ་གྲངས་ ༥ བཅས་ལ་ཐུག་འཕྲད་གནང་ཡོད། སྲིད་སྐྱོང་མཆོག་གིས་ཨ་རིའི་མཐོ་སློབ་སློབ་ཡོན་གྱི་མི་འགྲོ་དང་ཐུག་འཕྲད་གནང་བ།

More Articles ...

Subcategories

བོད་ཀྱི་ལོ་རྒྱུས་ཡིག་ཆ།