སྐད་ཡིག་ཙམ་བདག་པོ་བརྒྱབ་ཐུབ་ན་བསམ་པ་མ་གཏོགས་གཞན་བསམ་བློ་དེ་ཙམ་མེད།
ཚད་མཐོའི་ལམ་གྱི་འགྲེམས་སྟོན་ཁང་། ལངས་ཕྱོགས་དང་མི་རབས་གསར་པ།"
རྒྱལ་སྤྱིའི་འགྲེམས་སྟོན་གྱི་ཉིན་མོ་ཟེར་བ་དེ། འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བརྒྱབ་རྗེས། རྒྱལ་སྤྱིའི་འགྲོ་བ་མི་ཚང་མ་གང་ས་ཅི་ཐད་ནས་གཅིག་མཚུངས་ཡིན་པ་རེད།
ཀུན་གཟིགས་པན་ཆེན་རིན་པོ་ཆེ་མཆོག་མགྱོགས་མྱུར་གློད་གྲོལ་གཏོང་དགོས།
༧པཎ་ཆེན་སྐུ་ཕྲེང་༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གསོན་པོ་དང་ལུས་སེམས་བདེ་ཐང་ངང་ཁོང་གི་གནས་སྟངས་ས་ཕྱོགས་གང་སར་གསལ་སྟོན་བྱེད་དགོས།
༧གོང་ས་མཆོག་གིས་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་གི་དབང་བསྩལ་བ།
དེ་ཡང་དེ་རིང་སྔ་དྲོའི་ཆུ་ཚོད་༨་སྟེང་། བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཟླ་བཞི་བའི་ཚེ་འགོར་ཏེ། དུས་ཆེན་ཁྱད་ཅན་དང་བསྟུན་ནས་ཕྱི་ནང་གི་དད་ལྡན་སེར་སྐྱ་སྟོང་ཕྲག་ལྷག་ལ་ཇོ་ལུགས་སྤྱན་རས་གཟིགས་ཡི་གེ་དྲུག་མའི་རྗེས་གནང་གི་དབང་བསྩལ་གནང་སོང་།
ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་ནས་བརྙན་ཐུང་དབུ་འབྱེད་གནང་ཡོད་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༧ཉིན་ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་༡༡དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་༢༣འཁོར་བར་བརྟེན། བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱིས་<<རྒྱལ་སྤྱིའི་མིག་ལམ་ནས་གར་སོང་ཆ་མེད་དུ་གྱུར་བའི་ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག>>ཅེས་པའི་སྐར་མ་གསུམ་ཅན་གྱི་བརྙན་ཐུང་ཞིག་དབུ་འབྱེད་གནང་ཡོད་འདུག
བུད་མེད་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་བྱས་འདུག
དེ་ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢ པ་མཇུག་བསྒྲིལ་ནས་གྲོས་ཆོད་ཁག་ཅིག་བཞག་ཡོད་པ་དང་། རྒྱུན་ལས་གསར་འདེམས་བྱས་ཡོད་པ་རེད། ཟླ་༥ པའི་ཚེས་༡༡ ནས་ཉིན་གྲངས་༦ རིང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་༡༢ པ་དེ་འཚོགས་ནས་རྒྱུན་ལས་༡༡ གསར་འདེམས་བྱས་ཡོད་པ་དང་། ཚོགས་གཙོ་སྒྲོལ་མ་དབྱངས་ཅན་དང་ཚོགས་གཞོན་སྐལ་བཟང་གཡུ་སྒྲོན། དྲུང་ཆེ་ཚེ་རིང་ཆོས་འཛོམས་བཅས་ནི་སྐབས་སྔོན་མའི་རྒྱུན་ལས་བསྐྱར་དུ་འདེམས་ཐོན་བྱུང་ཡོད་པ་རེད། ཚོགས་ཆེན་ཐོག་གྲོས་ཆོད་ཁག་༡༠ བཞག་ཡོད་འདུག་པ་དང་། དེའི་ཁོངས་སུ་བུད་མེད་ལྷན་ཚོགས་ཀྱིས་ཟླ་༣ པའི་ཚེས་༡༢ ནི་འགྱུར་བ་མེད་པའི་ཐོག་ནས་བོད་ཀྱི་བུད་མེད་སྒེར་ལངས་ཉིན་མོར་སྲུང་བརྩི་ཞུ་རྒྱུ་དང་། དེ་བཞིན་༧གོང་ས་མཆོག་གི་སྐུ་ཕྱ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གི་ལས་འགུལ། བོད་མིའི་མི་འབོར་འཕེལ་རྒྱས་དང་འབྲེལ་བའི་ལས་གཞི། དབུ་མའི་ལམ་གྱི་སྲིད་ཇུས་གོ་རྟོགས་སྤེལ་ཕྱོགས། དབུས་ས་གཉིས་བར་འབྲེལ་ལམ་གཏིང་ཟབ་ཏུ་གཏོང་རྒྱུ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་ཐད་ལ་གྲོས་ཆོད་བཞག་ཡོད་པ་རེད་འདུག ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་ཡན་ལག་ཁག་༣༧ ནས་ཚོགས་མི་༡༩༢ ཀྱིས་མཉམ་ཞུགས་བྱས་ཡོད་པ་རེད་འདུག །
བོད་ནང་ལ་མཚོན་ན་འཛམ་གླིང་ནང་དམ་དྲག་ཆེ་ཤོས་ཀྱི་ས་ཁུལ་ཨང་གཉིས་པ་རེད་འདུག
དེ་ཡང་ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༡༥ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་འཇར་མན་གྲོས་ཚོགས་(German Bundestag)ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་(Human Rights Subcommittee of the German Parliament) ནང་བོད་དོན་ཉན་ཞིབ་སྐབས་བོད་ནང་གི་ཛ་དྲག་གནས་སྟངས་ཞིབ་ཕྲ་ངོ་སྤྲོད་གནང་ཞིང་། ཉན་ཞིབ་ཚོགས་གཙོ་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཇེ་སེན་(MP Jesen)མཆོག་ཡིན་འདུག དེ་ཉིན་སྲིད་སྐྱོང་མཆོག་གིས་ཐོག་མར་འཇར་མན་བརྙན་འཕྲིན་གསར་འགྱུར་ཚན་པ་གྲགས་ཆེ་བ་(Deutsche Welle) ཞེས་པའི་གསར་འགོད་པའི་དྲི་བར་ལན་འདེབས་གནང་འདུག