27
Sat, Apr

བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག པར། བརྒྱུད་ལམ།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༩་ཚེས་༨་ཉིན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་ཁོང་སྲིད་སྐྱོང་འོས་མིར་ལངས་རྒྱུའི་ཆ་གཞི་མེད་ཀྱང་། གལ་སྲིད་བོད་རྒྱ་ཆེ་མི་མང་གིས་བདམས་ནས་དངོས་གཞིའི་འོས་བསྡུ་ནང་དུ་སླེབས་ཚེ་ཕྱིར་འཐེན་བྱེད་རྒྱུའི་མིན་པའི་སྐོར་གསུངས་འདུག

དེ་ཡང་། གོང་ཚེས་ཉིན། བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསུང་དོན། རང་ཉིད་སྲིད་སྐྱོང་ལ་ལངས་རྒྱུའི་ཆ་གཞི་གང་ཡང་མེད། འོན་ཀྱང་། བོད་དང་བཙན་བྱོལ་དུ་ཡོད་པའི་བོད་མི་ཕོ་མོ་རྒན་གཞོན་བར་གསུམ་གྱིས་ཁོང་སྲིད་སྐྱོང་འོས་མིར་ལངས་རྒྱུའི་རེ་བ་བྱེད་ཀྱི་འདུག དེར་བརྟེན། གལ་སྲིད་ཁོང་དངོས་གཞིའི་འོས་ནང་དུ་སླེབས་པ་ཡིན་ན་ཕྱིར་འཐེན་བྱེད་རྒྱུ་མིན། ཞེས་གསུངས་འདུག

འོན་ཀྱང་། ཁོང་ད་ལྟར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་དུ་ཕྱག་ལས་གནང་བཞིན་ཡོད་དུས། དངོས་སུ་ལངས་ནས་གསལ་བསྒྲགས་དང་། ཁྱབ་བསྒྲགས། གཏམ་བཤད། བཅས་གནང་རྒྱུ་ཡིན་པར་གསུངས་འདུག

བཀའ་ཟུར་འབྲོག་ཆུང་དངོས་གྲུབ་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་དང་། བདེ་སྲུང་དྲུང་ཆེ། ལྡི་ལི་སྐུ་ཚབ་དོན་གཅོད་སོགས་བོད་གཞུང་གི་ལས་ཁུངས་མཐོ་དམའ་བར་གསུམ་གྱི་ནང་དུ་མི་ལོ་༤༠་ཙམ་ལ་ཞབས་ཞུ་ཞུས་ཡོད་འདུག

༢༠༢༡་ལོའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་མིར་བཞེང་མཁན་ནི། བཀའ་ཟུར་བློ་བཟང་སྙན་གྲགས་མཆོག་དང་། བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག སྤྱི་འཐུས་ཚོགས་ཟུར་སྤེན་པ་ཚེ་རིང་མཆོག ཨ་རིའི་སྐུ་ཚབ་དོན་གཅོད་ཟུར་པ་དབུ་དཀར་ཚང་སྐལ་རྡོར་ལགས། བོད་མིའི་སྤྱི་མཐུན་མཉམ་སྦྲེལ་དྲུང་ཟུར་བཀྲིས་དབང་འདུས་ལགས། བཀྲ་ཤིས་སྟོབས་རྒྱས་ལགས་བཅས་ཡིན་འདུག

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།