15
Sun, Dec

༢༠༡༩ལོའི་ཟླ་༥་ཚེས་༣་ཉིན་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞི་ཐོག་ནས་བགྲོ་གླེང་ཞིག་གོ་སྒྲིག་བྱས་སོང་།

བཙན་བྱོལ་གྱི་གསར་འགྱུར།
Typography

༢༠༡༩ལོའི་ཟླ་༥་ཚེས་༣་ཉིན། འཛམ་གླིང་གསར་འགོད་རང་དབང་ཉིན་མོ་བསྟུན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་གཏོང་ཐབས་ཀྱི་ལག་བསྟར་སྒྲིག་ཁྲིམས་ཁག་མྱུར་དུ་མཚམས་འཇོག་པའི་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་དང་། རྒྱ་གཞུང་གིས་ངེས་པར་དུ་ཕྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་སྲིད་གཞུང་གི་ལྟ་རྟོག་མེད་པར་རང་དབང་གི་ཐོག་ནས་བོད་ནང་ལ་འགྲུལ་སྐྱོད་བྱེད་དུ་འཇུག་དགོས་པའི་དགོས་འདུན་བཏོན་སོང་།

དེ་ཡང་། འཛམ་གླིང་གསར་འགོད་རང་དབང་ཉིན་མོར། བཞུགས་སྒར་རྡ་སའི་ནོར་བུ་གསོལ་མགྲོན་ཁང་གི་ཚོགས་ཁང་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་ཀྱི་གསར་འགོད་ལྷན་ཚོགས་གཉིས་ནས་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་ཞེས་པའི་བརྗོད་གཞིའི་ཐོག་ནས་བགྲོ་གླེང་ཞིག་གོ་སྒྲིག་བྱས་སོང་།

བགྲོ་གླེང་དེའི་ཐོག་ལ་རྡ་སའི་གཞུང་འབྲེལ་དང་གཞུང་འབྲེལ་མི་ཡིན་པའི་མི་སྣ་ཁག་དང་ཚོགས་སྡེ་ཁག་གི་སྐུ་ཚབ། དེ་བཞིན་སློབ་ཕྲུག་དང་གསར་འགོད་པ། ཕྱི་རྒྱལ་བ་ཁག་ཅིག་བཅས་འཛོམས་འདུག ཐོག་མར། གསར་འགོད་པ་པུལ་མོ་ནེ(Paul Mooney)་དང་བོད་ནང་གསར་འགོད་གྱི་ཉམས་མྱོང་ཡོད་པའི་མཚོ་སྔོན་བརྙན་འཕྲིན་ཁང་གི་གསར་འགོད་པ་ཟུར་པ་སྒྲོལ་མ་གཉིས་ལ་བོད་ནང་གི་གསར་འགོད་རང་དབང་སྐོར་ལ་བཅར་འདྲི་བྱས་པའི་བརྙན་འཕྲིན་སོགས་བསྟན་སོང་། དེའི་རྗེས་བོད་ནང་གི་གསར་འགོད་རང་དབང་དང་འགྲུལ་སྐྱོད་བཀག་སྡོམ་སྐོར་ལ་བགྲོ་གླེང་གཏམ་བཤད་བྱས་སོང་། བགྲོ་གླེང་གཙོ་སྐྱོང་མཁན་ནི་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་དང་། གཏམ་བཤད་གནང་མཁན་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་བསྟན་འཛིན་དཔལ་སྒྲོན་ལགས། བོད་ཀྱི་དུས་བབ་གསར་ཁང་གི་རྩོམ་སྒྲིག་པ་པདྨ་མཚོ་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་དགྲ་ལྷ་ལགས་བཅས་རེད་འདུག

དེ་ཡང་རྒྱལ་སྤྱིའི་གསར་འགོད་རང་དབང་ཉིན་མོ་ནི་ལོ་རེའི་ཕྱི་ཟླ ༥ ཚེས་ ༣ ཉིན་གོ་ལ་ཁྱོན་ཡོངས་ནས་སྲུང་བརྩི་བྱས་ཏེ་གསར་འགོད་རང་དབང་དང་བརྒྱུད་ལམ་གྱི་རང་དབང་སྲུང་སྐྱོབ་དང་། བློ་སྤོབས་ཅན་གྱི་གསར་འགོད་པ་མང་པོས་གསར་འགོད་ཀྱི་འགན་འཁྲིའི་ཆེད་དུ་རང་སྲོག་བློས་བཏང་ཡོད་པར་ངོས་ཛིན་གནང་གི་ཡོད།

གསར་འགོད་རང་དབང་ནི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་འགངས་ཆེན་པོ ཞིག་ཡིན་པ་དང་། གསར་འགོད་རང་དབང་ལོངས་སུ་སྤྱོད་ཐབས་སུ། འགྲོ་བ་མིའི་ཐོབ་ཐང་ཁག་དང་། ལྷག་པར་དུ་འགྲུལ་སྐྱོད་རང་དབང་གི་ཐོབ་ཏང་ཁག་ཐེག་དང་འགན་སྲུང་བྱེད། རྒྱ་ཞུང གིས་དམིགས་ཡུལ་དང་འཆར་གཞི་ལྡན་ཐོག་ནས་ཕྱིའི་གསར་འགོད་པ་དང་འགྲོ བ མིའི་ཐོབ་ཐང་དོན་གཉེར་བ་ཚོ བོད་ནང་དུ་འགྲོ་དུ་མ་བཅུག་པར་བོད་ནང་གི་འགྲུལ་སྐྱོད་རང་དབང་གི་དམ་དྲག་ཤུགས་ཆེར་བཏང་ཡོད། རྒྱ་གཞུང་གིས་རྒྱལ་སྤྱིའི སྟེང་དུ་བོད་དོན་དང་འགྲོ་བ་མིའི་ཐོབ་ཐང་སྐོར་ཚབས་ཆེན་ཆེའི་དྲིལ་བསྒྲགས་བྱེད་བཞིན་དུ། ནང་ལོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་དྲག་གནོན་ཤུགས་ཆེར་གཏོང་གི་ཡོད་ལ། ལྷག་པར་དུ་བོད་ནང་གི་འགྲོ་འོང་འགྲུལ་སྐྱོད་ལ་དཀའ་ཁག་དང་དམ་དྲག་ཤུགས་ཆེར་བཏང་སྟེ། ཉེ་བའི་ལོ་ངོ་འདི་དག་རིང་ལ་བོད་ནང་གི་བགྲུལ་སྐྱོད་རང དབང་འགོག་རྐྱེན་ཚབས་ཆེན་བཟོས་ཡོད།

འདི་ལོའི་ཕྱི་ཟླ་༥ བའི་ནང་པེ་ཅིན་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི ཕྱིའི་གསར་འགོད་ལྷན་ཚོགས་ནས་ཞིང་འཇུག སྙན་ཐོ་བཏོན་པའི་ནང་དུ། རྒྱ་ གཞུང་གིས་བོད་ནང་གི དངོས་ཡོད་གནས་སྟངས་སྐོར་གྱི་གནས་ཚུལ་འཚོལ་བསྡུ་དང་གསར་འགྱུར་འགོད་པར་ཚབས་ཆེའི་བཀག་སྡོམ་བྱས་པ་གསལ་ཡོད༌། རྒྱ་གཞུང་གིས་རང་དབང་གསར་འགོད་པ་ཚོ་བོད་རང་སྐྱོང་ལྗོངས་དང༌། ཡུན་ནན། མཚོ་སྔོན། ཀན་སུལ། ཟི་ཁྲོན་སོགས་བོད་ རིགས་འདུས་སྡོད་ས་ཁུལ་དུ་བསྐྱོད་རྒྱུར་བཀག་སྡོམ་བྱས་ཡོད་པ་དང༌། བོད་ནང་གི་གསར་འགྱུར་འགོད་མཁན་གསར་འགོད་པ་ཚོར་མུ་མཐུད་ དོགས་ཟོན་མྱུལ་ཞིབ་དང་འཇིགས་སྐུལ། སུན་གཙིང་དང་བརྡབ་གསིག་གཏོང་མུས་ ཡིན་པ་རེད།

གསར་འགོད་པ་ཕུལ་མོན་ནེ་(Paul Mooney)ལ་བཅར་འདྲི་ཞུས་སྐབས། ཁོང་གིས། ང་ཚོར་ལྟ་རྟོག་བྱས་སོང་། ང་ཚོར་བདའ་འདེད་ བཏང་སོང་། ནམ་ཞར་ང་ཚོ་དོགས་ཟོན་མྱུལ་ཞིག་འོག་ཏུ་བཞག་ཡོད་པ་རེད། ང་རང་པེ་ཅིན་གྲོང་ཁྱེར་དུ་འདས་པའི་ལོ་ངོ་ ༡༨ ལ་བསྡད་རིང་ ངས་ཐེངས་༧ ལ་བོད ནང་དུ་འགྲུལ་སྐྱོད་ཆོག་མཆན་ཞུས་ཀྱང༌། ཐེངས་རེ་རེ་བཞིན་ང་ལ་ཆོག་མཆན་སྤྲད་མ་སོང་། ཕྱིའི་གསར་འགོད་པ་བོད་ ནང་དུ་འགྲོ་རྒྱུ་ཧ་ཅང་ཁག་པོ་རེད། གནས་ཚུལ་རེ་གཉིས་ཐོག་ཕྱིའི་གསར་འགོད་པ་སྐད་གཏོང་གི་འདུག་མོད། འོན་ཀྱང་ཕར་ལ་ཕྱིན་རྗེས་ང་ ཚོར་དམ་དྲག་དང་བདའ་འདེད་བཏང་སྟེ། མི་ལ་ཁ་བརྡ་བཤད་རྒྱུ་ཧ་ཅང་ཁག་པོ་འདུག གལ་ཏེ་ཁྱོད་རང་ལྟ་རྟོག་བྱེད་མཁན་དང་བྲལ་ནས་མི་ ཞིག་ལ་ཁ་བརྡ་བཤད་པ་ཡིན་ན། ཁྱོད་རང་ལ་སྐད་ཆ་བཤད་མཁན་མི་དེ་དཀའ་རྙོག་ལ་འཕྲད་ངེས་རེད། ” ཅེས་བརྗོད་སོང༌། དེ་སྔོན་བཅར་འདྲི་ བྱས་པའི་གནས་ཚུལ་གྱི་རྐྱེན་པས། རྒྱ་གཞུང་གིས་ཆེད་ལས་གསར་འགོད་པ་ཁོང་གི་ཐོངས་མཆན་ཕྱིར་འཐེན་བྱས་ཡོད་པ་རེད། །

ཕྱིའི་གསར་འགོད་ལྷན་ཚོགས་ཀྱི་སྙན་ཐོའི་ནང་། པེ་ཅིང་གྲོང་འཁྱེར་བསྡད་ཅིང་ཕྱི་ལོ་༢༠༡༦་ལོར་བོད་ནང་དུ་སྐྱོད་མཁན་གསར་འགོད་པ་ཞིག བོད་ནང་ལ་འགྲུལ་སྐྱོད་གནང་རྒྱུ་ནི་བྱང་ཀོ་རི་ཡར་འགྲོ་རྒྱུ་ལས་དཀའ་ལས་ཁག་པོ་ཡོད་ཡོད་སྐོར་བརྗོད་དོན། ཐེངས་འདིའི་འགྲུལ་སྐྱོད་སྐབས་སུ་བོད་ནང་གསར་འགོད་རང་དབང་མེད་པའི་གནས་སྟངས་དང་སྡུར་ན། བྱང་ཀོ་རིའི་ནང་དུ་གསར་འགོད་རང་དབང་ཅུང་ཙམ་འདུག་པའི་ཚོར་སྣང་བྱུང་ཞེས་ཟེར།

བོད་ཀྱི་ལོ་རྒྱུས་ཡིག་ཆ།