19
Fri, Apr

༢༠༡༩ལོའི་ཟླ་༣་ཚེས་༨་ཉིན་གདུང་སེམས་མཉམ་བསྐྱེད་ཀྱི་མཆོད་འབུལ་སྨོན་ལམ་ཚོགས་སོང་།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༡༩ལོའི་ཟླ་༣ཚེས་༨ ཉིན།  རྡ་ས་ཐེག་ཆེན་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་འོག་བོད་ནང་རྒྱ་དམར་འོག་གདུག་རྩུབ་མྱངས་དང་མྱོང་བཞིན་པའི་བོད་རིགས་སྤུན་ཟླ་ཚོར་གདུང་སེམས་མཉམ་བསྐྱེད་ཆེད་དུ་མཆོད་འབུལ་སྨོན་ལམ་ཞིག་འཚོགས་སོང་།

དེ་ཡང་སྔ་དྲོའི་ཆུ་ཚོད་༩པའི་ཐོག་ཚོགས་མགོན་དུ་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ངག་དབང་སྟོབས་རྒྱལ་མཆོག་དབུ་བཞུགས་ཐོག  སྔར་ཕྱི་ལོ་༡༩༨༩ལོ་ནས་རྒྱ་ནག་གིས་བོད་ལ་དྲག་གནོན་བྱས་པ་ནས་བཟུང་དུས་ད་ལྟ་ཡང་སྡུག་བསྔལ་མྱངས་དང་མྱོང་བཞིན་པའི་དཔའ་བོ་དཔའ་མོ་ཁོང་རྣམས་ལ་སྐྱིད་སྡུག་མཉམ་མྱོང་གི་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་དུ། ཆོས་རིག་བཀའ་བློན་གཙོས་པའི་བོད་གཞུང་ལས་བྱེད་པ་ཁག་དང་ས་གནས་མི་དམངས་རྣམས་ནས་གསུམ་བརྒྱད་ཆོས་འབུལ་ཞེས་བོད་ཀྱི་དཔའ་བོ་དཔའ་མོ་འདས་གྲོངས་དུ་ཕྱིན་པ་རྣམས་ལ་མཆོད་འབུལ་སྨོན་ལམ་ཞིག་ལོ་ལྟར་གཞུང་འབྲེལ་ཐོག་འཚོགས་བཞིན་ཡོད་པ་རེད།

དེ་ཡང་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་ལ་བཅའ་འདྲི་རྒྱུད་གསུང་དོན། ཕྱི་ལོ་༡༩༨༩ལོའི་ཟླ་༣ ཚེས་༨ ལ་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་རྣམས་ནས་མ་གྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་ནག་གཞུང་ལ་ཞི་བའི་སྒེར་ལངས་བྱས་པའི་ཉིན་མོ་ཡིན་པས་༣,༨མཆོད་འབུལ་ཞེས་གཞུང་འབྲེལ་ཐོག་ལོ་ལྟར་འཚོགས་བཞིན་པ་རེད་ཅེས་གསུངས་སོང་།

 

བོད་ཀྱི་ལོ་རྒྱུས་ཡིག་ཆ།