16
Wed, Jan
33 New Articles

༢༠༡༨ལོའི་ཟླ་ ༡༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་གྱིས་གནས་གཟིགས་མཛད་གནད་།

བཙན་བྱོལ་གྱི་གསར་འགྱུར།
Typography

༸གོང་ས་མཆོག་གིས་ཆོས་ལུགས་གཞན་དག་གིས་ཀྱང་སེམས་བཟང་པོ་དང་ཆོག་ཤེས། བཟོད་སྒོམ་བཅས་གཅིག་མཚུངས་ཀྱིས་གསུང་གི་ཡོད་ཅེས་གནས་མཆོག་རྡོ་རྗེ་གདན་དུ་བཀའ་བསྩལ་འདུག

༢༠༡༨ལོའི་ཟླ་ ༡༢ ཚེས་ ༡༦ ཉིན། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་བི་ཧར་མངའ་སྡེའི་ནང་ཡོད་པའི་གནས་མཆོག་རྡོ་རྗེ་གདན་དུ་༸ཞབས་སོར་བདེ་བོར་བཀོད་ཡོད་པ་རེད།

དེ་ཡང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་ལྷོ་ཕྱོགས་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་རྗེས་ཀྱི་ཚེས་ ༡༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་གྷ་ཡ་གནམ་ཐང་བརྒྱུད་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གིས་སེར་སྦྲེང་དང་། སེར་སྐྱ་མི་མང་སྟོང་ཕྲག་མང་པོས་ཕེབས་བསུ་གཟབ་རྒྱས་དང་བཅས་དགའ་ལྡན་འཕེལ་རྒྱས་གླིང་དུ་༸ཞབས་སོར་བདེ་བར་བཀོད་དེ་རྣམ་གྲྭ་མཁན་རིན་པོ་ཆེས་ལཎྜལ་རྟེན་གསུམ་འདེགས་འབུལ་ཞུས་ཡོད་པ་རེད།

ཟླ་ ༡༢ ཚེས་ ༡༧ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྡོར་གདན་དགའ་ལྡན་འཕེལ་རྒྱས་གླིང་གི་གཟིམ་ཆུང་ནས་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་གྱིས་གནས་གཟིགས་མཛད་ཡོད་པ་རེད།

དེ་ཡང་ཞོགས་པ་ཆུ་ཚོད་༩།༠༠ཙམ་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགའ་ལྡན་འཕེལ་རྒྱས་གླིང་ནས་༸ཞབས་ཐང་གིས་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་ཆེན་མོར་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། སྐབས་དེར་དད་ལྡན་སེར་སྐྱ་སྟོང་ཕྲག་མང་པོས་ཕེབས་ལམ་མཇལ་ཁ་ཞུས་ཡོད་པ་དང་། མཆོད་རྟེན་ར་སྐོར་དུ་མཆོད་རྟེན་གྱི་འབྲེལ་ཡོད་པཱ་ལིའི་དགེ་འདུན་པ་རྣམས་ཀྱིས་ཕེབས་བསུ་དང་འབྲེལ་རྟེན་གཙོ་ཐུབ་པའི་སྐུ་བརྙན་ལ་མཆོད་མཇལ་དང་། རྟེན་འབྲེལ་བསྟོད་པ་དང་པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། ཤེས་རབ་སྙིང་པོ། རིས་མེད་རྒྱལ་བསྟན་རྒྱས་པའི་སྨོན་ལམ་སོགས་གསུངས་འདོན་གནང་བ་དང་། དེ་བཞིན་རབ་གནས་དང་ཤིས་བརྗོད་མཛད་རྗེས་རྒྱ་བོད་ཀྱི་གསར་འགོད་པ་བཅུ་ཕྲག་བརྒལ་བའི་དྲི་བར་བཀའ་ལན་སྩལ་ཡོད་པ་རེད།

སྐབས་དེར་༸གོང་ས་མཆོག་གིས་ཆོས་ལུགས་གཞན་དག་གིས་ཀྱང་སེམས་བཟང་པོ་དང་ཆོག་ཤེས། བཟོད་སྒོམ་བཅས་གཅིག་མཚུངས་ཀྱིས་གསུངས་ཡོད་པ་དང་། སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པའི་གནས་ཁྱད་པར་ཅན་རྡོ་རྗེ་གདན་དུ་མགོན་པོ་གང་ཉིད་མཆོག་གིས་སེམས་པ་བཟང་པོ་དང་བྱང་ཆུབ་སེམས་ལ་ཐུགས་སྨོན་མཛད་ཡོད་པའི་སྐོར་བཀའ་སྩལ་བ་དང་། གཞན་ཡང་། སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བྱང་སེམས་ཀྱིས་རྩིས་ཟིན་པའི་སྟོང་བ་ཉིད་ཀྱི་ལྟ་བའི་སྐོར་གསུངས་ཡོད་པ་དེ་བཞིན་ཚན་རིག་དང་དཔུང་པ་མཉམ་གཤིབས་བྱེད་ཐུབ་པ་ནི་མགོན་པོ་གང་ཉིད་མཆོག་གི་ལོ་ངོ་བཞི་བཅུའི་ཉམས་མྱོང་ལས་ར་འཕྲོད་གསལ་བོ་བྱུང་ཡོད་སྐོར་སོགས་བཀའ་ལན་སྩལ་རྗེས་དགའ་ལྡན་འཕེལ་རྒྱས་གླིང་དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་རེད།

གསལ་བསྒྲགས་ཀྱི་ས་མིག