གནའ་བོའི་དཔེ་རྙིང་ནང་འཁོད་པའི་ཡ་ཐོག་གི་ལོ་རྒྱུས་ཁག་གཅིག
དེང་དུས་ཁ་ཅིག་བོད་ཀྱི་ལོ་རྒྱུས་སྨྲ་བའི་སྐབས་སུ། སྲོང་བཙན་སྒམ་པོའི་གོང་དུ་བོད་ལ་ཡི་གེ་མེད་པས་དེའི་གོང་གི་ལོ་རྒྱུས་ནི་གཏམ་རྒྱུད་དང་ཟེར་སྲོལ་ཙམ་ཡིན་སྟབས་དེ་ནི་གཏམ་རྒྱུད་ཀྱི་དུས་རབས་ཡིན་ཞེས་བཤད་ཀྱིན་འདུག