03
Wed, Dec
5 རྩོམ་གསར།

སྐུའི་འཁྲུངས་སྐར་སྐབས་ལི་ཐང་ནས་བོད་མི་ཉི་ཤུ་ལྷག་འཛིན་བཟུང་བྱས་འདུག

ལི་ཐང་གི་དགོན་པ་ཞིག པར། བོད་ཀྱི་ཆ་འཕྲིན།

བོད་ཡུལ།
གཟུགས་དབྱིབས།
  • ཆུང་ཙམ། ཆུང་བ། འབྲིང་བ། ཆེ་བ། ཆེ་ཙམ།
  • སྤྱི་སྒྲོམ ནག་གཟུགས། ཆེ་གཟུགས། ཀེ་གཟུགས། དུས་གཟུགས།

ཕྱི་ལོ་༢༠༢༡་ཟླ་༩་ཚེས་༡༦་ཉིན་སྤེལ། འདི་ལོའི་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཁྲུངས་སྐར་ཡས་མས་སུ། ལི་ཐང་མགོན་གྱི་དགེ་འདུན་པ་དང་མི་སྐྱ་ཁག་ཅིག་གིས་༸གོང་ས་མཆོག་གི་སྐུ་པར་སྐད་འཕྲིན་སོགས་སུ་སྐུར་བ་དང་སྤེལ་བའི་རྐྱེན་གྱིས། རྒྱ་གཞུང་གི་ཉེན་རྟོག་པས་ཁོ་ཚོ་འཛིན་བཟུང་བཀག་ཉར་བྱས་ནས་ཉེས་རྡུང་བཏང་ཡོད་འདུག

དེ་ཡང་། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཕྱི་ལོ་༢༠༢༡་ཟླ་༧་པའི་ནང་དུ། རྒྱ་གཞུང་གིས་ལི་ཐང་དགོན་ཆེན་གྱི་དགེ་འདུན་བཅུ་ལྔ་དང་ལི་ཐང་མི་སྐྱ་བཅུ་གྲངས་ཤིག་འཛིན་བཟུང་བྱས་ཏེ། ཉེན་རྟོག་ཁང་དུ་ཉི་མ་ཉི་ཤུ་རྩ་གྲངས་ལ་བཀག་ཉར་གྱིས་ཉེས་རྡུང་དྲག་པོ་བཏང་རྗེས་གློད་གྲོལ་བཏང་འདུག

རྒྱ་གར་དུ་ཡོད་པའི་བོད་མི་ཞིག་གིས་འདི་གའི་གསར་ཁང་ལ་བརྗོད་དོན། འདི་ལོ་ཟླ་༧་པའི་ནང་དུ། ལི་ཐང་དགོན་གྱི་དགེ་འདུན་པ་བཅོ་ལྔ་འཛིན་བཟུང་བཀག་ཉར་བྱས་འདུག དེ་བཞིན་བོད་མི་བཅུ་གྲངས་ཤིག་ཀྱང་འཛིན་བཟུང་བྱས་འདུག ས་གནས་བོད་མིས་བརྗོད་དོན་ལྟར་ན། ཁོ་ཚོས་༸རྒྱལ་བ་རིན་པོ་ཆེའི་འཁྲུངས་སྐར་ཡས་མས་སུ། སྐད་འཕྲིན་སོགས་ཀྱི་སྤྱི་ཚོགས་དྲ་རྒྱར་༸རྒྱལ་བ་རིན་པོ་ཆེའི་སྐུ་པར་བཞག་པ་དང་། ཕན་ཚུན་ལ་སྐུ་པར་སྐུར་རེས་བྱས་འདུག་ཅིང་། རྒྱ་གཞུང་གིས་བོད་ནང་དུ་༸གོང་ས་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུ་རུ་འཇུག་གི་མེད་པས། ཁོ་ཚོས་སྐུ་པར་བཞག་ནས་སྲུང་བརྩི་བྱས་རྐྱེན་འཛིན་བཟུང་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་ནས་བརྗོད་དོན། ཁོ་ཚོ་ཉི་མ་ཉི་ཤུ་རྩ་གྲངས་ཤིག་ལ་ཉེན་རྟོག་ཁང་དུ་བཀག་ཉར་བྱས་འདུག བཀག་ཉར་བྱེད་སྐབས་ཉེན་རྟོག་པས་གཅར་རྡུང་དྲག་པོ་བཏང་རྗེས། མང་ཆེ་བ་གློད་གྲོལ་བཏང་འདུག