28
Sun, Apr

ལྷ་སའི་ཁ་ཆེ་ཞེས་པའི་གློག་བརྙན།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

གློག་བརྙན་འདིའི་ནང་ད་ལྟ་རྒྱ་གར་གྱི་མངའ་སྡེ་ཀཱ་ཤི་སྨི་རིའི་ནང་གནས་པའི་ལྷ་སའི་ཁ་ཆེ་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གི་རྩ་ཁྲིམས་ཀྱི་དགོངས་དོན་འོག་དམིགས་བསལ་གྱི་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱིན་ཡོད་མེད་སོགས་གསལ་སྟོན་བྱས་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེས་༡་ཉིན་གྱི་ཞོགས་པའི་ཆུ་ཆོད་༡༡་ཙམ་ལ་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ་སྐལ་བཟང་འཇིགས་མེད་ལགས་ཀྱིས་ཕབ་སྐྲུན་བྱས་པའི་དངོས་བཤུས་གློག་བརྙན(ལྷ་ས་ཁ་ཆེ།)ཞེས་པ་ཞིག་༧རྒྱལ་བའི་འཁྲུངས་སྐར་གྱི་ལས་རིམ་གོ་སྒྲིག་བྱས་པའི་གློག་བརྙན་ཐོག་མ་དེ་དཟིགས་འབུལ་བྱས་སོང་། གློག་བརྙན་དེའི་རིང་ཐུང་ལ་སྐར་མ་བཅོ་ལྔ་ཡོད་པ་དང་གློག་བརྙན་གྱི་ནང་དོན་ནི་གློག་བརྙན་གྱི་ཕྱི་ཤོག་ཏུ་འཁོད་པ་བཞིན་ཕྱི་ལོ་༡༩༥༩་རྗེས་སུ་བོད་རིགས་ཁ་ཆེའམ་ལྷ་སའི་ཁ་ཆེ་ཚོའི་གནས་བབ་གང་འདྲ་ཞིག་ཏུ་འགྱུར་ཡོད་པ་དང་། ད་ལྟ་རྒྱ་གར་གྱི་མངའ་སྡེ་ཀཱ་ཤི་སྨི་རིའི་ནང་གནས་པའི་ལྷ་སའི་ཁ་ཆེ་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་དབུས་གཞུང་དང་ས་གནས་གཞུང་གི་རྩ་ཁྲིམས་ཀྱི་དགོངས་དོན་འོག་དམིགས་བསལ་གྱི་དཀའ་ངལ་ག་འདྲ་ཞིག་འཕྲད་ཀྱིན་ཡོད་མེད་སོགས་གསལ་སྟོན་བྱས་ཡོད་འདུག དེ་བཞིན་གཟིགས་འབུལ་སྐབས་མི་ཉི་ཤུ་མས་ཡས་འཛོམས་ཡོད་པ་དང་རིམ་བཞིན་༧རྒྱལ་བའི་འཁྲུངས་སྐར་ལ་གོ་སྒྲིག་བྱས་པའི་གློག་བརྙན་ཁག་གཟའ་མཇུག་ལ་གཟིགས་འབུལ་ཞུ་རྩི་ཡོད་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།