28
Sun, Apr

མཇལ་འཕྲད་སྐབས།

བཙན་བྱོལ་གྱི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

བོད་ཀྱི་ཐུན་མིན་རིག་གནས་སྒྱུ་རྩལ་སོགས་སྲུང་སྐྱོབ་བྱ་གལ་སྐོར་གྲོས་ཚོགས་འཐུས་མི་མཆོག་དང་ལྷན་གླེང་སློང་གནང་ཡོད་འདུག

དེ་ཡང་ཟླ་འདིའི་ཕྱི་ཚེ་༢༡་ཨ་རི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་གིས་སྣེ་ཁྲིད་འོག་ཕྱི་དྲིལ་འགྲེམས་སྟོན་ཚན་པའི་འགན་འཛིན་བཀྲི་ཤིས་ཕུན་ཚོགས་ལགས་ཀྱིས་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་མེག་གྷོ་ཝན་(Jim McGovern) མཆོག་དང་མཇལ་འཕྲད་གནང་འདུག དེ་ཡང་ཕྱི་ཟླ་༥ཚེས་ ༡༨་ཉིན་མཇལ་འཕྲད་སྐབས་ད་ལམ་ཕྱི་དྲིལ་བོད་ཀྱི་འགྲེམས་སྟོན་ཚན་པས་བཞུགས་སྒར་གངས་སྐྱིད་དུ་འགྲེམས་སྟོན་རྒྱ་སྐྱེད་ལས་གཞིར་དམིགས་ནས་ཨ་རིའི་ནང་སྐོར་སྐྱོད་པར་རིས་འགྲེམས་སྟོན་སྐོར་གསལ་བཤད་ཞུས་པ་མ་ཟད། བོད་ཀྱི་ཐུན་མིན་རིག་གནས་སྒྱུ་རྩལ་སོགས་སྲུང་སྐྱོབ་བྱ་གལ་སྐོར་གྲོས་ཚོགས་འཐུས་མི་མཆོག་དང་ལྷན་གླེང་སློང་གནང་ཡོད་འདུག

སྐབས་དེར་གྲོས་ཚོགས་འཐུས་མི་མཆོག་ནས་ཕྱི་དྲིལ་འགྲེམས་སྟོན་ཁང་ནས་མ་འོངས་པར་ཨ་རིའི་གྲོས་ཚོགས་ཀྱི་འགྲེམས་སྟོན་ཁང་(The Library of Congress)དང་སི་མིཏ་སོ་ནི་ཡེན་(Smithsonian) འགྲེམས་སྟོན་ཁང་སོགས་དང་འབྲེལ་བ་འཛུགས་ཐུབ་མིན་ཐད་བསམ་བློ་གཏོང་དགོས་པའི་ལམ་སྟོན་ཡང་གནང་འདུག

དེ་རྗེས་འགན་འཛིན་ནས་ཀྱང་གྲོས་ཚོགས་འཐུས་མི་མཆོག་གི་ལམ་སྟོན་ལྟར་གོང་གི་འགྲེམས་སྟོན་ཁང་གཉིས་ཀྱི་མཁས་ལས་མི་སྣ་ཁག་གཅིག་དང་མཇལ་ནས་འབྱུང་འགྱུར་འགྲེམས་སྟོན་ཡར་རྒྱས་ཀྱི་ལས་གཞིའི་ཐོག་འབྲེལ་བ་ཞུ་རྒྱུས་གཙོས་གནད་དོན་ཁག་གཅིག་ཐོག་གོ་བསྡུར་ལྷུག་པོ་གནང་འདུག

ཕྱོགས་མཚུངས་འགན་འཛིན་ནས་ཨ་རིའི་བོད་སྐད་བརྙན་འཕྲིན་ལས་ཁང་(Voice of America)དང་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་(Radio Free Asia)གི་བཅར་འདྲི་དང་ལེན་གནང་འདུག རྒྱལ་སའི་མངའ་ཁུལ་གྱི་ལས་རིམ་རྣམས་གྲུབ་རྗེས་ཨ་རིའི་པོཌ་ལེན་མངའ་སྡེའི་(Portland) ནང་ཕེབས་འདུག དེ་ཡང་ཁུལ་དེར་འགྲེམས་སྟོན་གོ་སྒྲིག་གནང་མཁན་ཨ་རིའི་བྱང་ནུང་བོད་ཀྱི་ལེགས་སྦྱང་གཅེས་སྐྱོང་མཐུན་ཚོགས་ཡིན་འདུག

བོད་ཀྱི་ལོ་རྒྱུས་ཡིག་ཆ།