26
Fri, Apr

༢༠༢༠་ལོའི་ཟླ་༦་ཚེས་༤་ཉིན། རྡ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པས་དྲུག་བཞིའི་དོན་རྐྱེན་ཉིན་ལ་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སྐབས། པར། བཀྲིས་དོན་འགྲུབ།

རྒྱལ་སྤྱིའི་གསར་འགྱུར།
ཡིག་གཟུགས་སྒྲིག་ཆས།

༢༠༢༠་ལོའི་ཟླ་༦་ཚེས་༤་ཉིན་སྤེལ། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དང་རང་དབང་གི་ཆེད་དུ། སློབ་མ་དང་ཤེས་ཡོན་ཅན་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ཧྲིལ་བོ་༣༡་འཁོར་བའི་དུས་དྲན་ཉིན་མོར། རྡ་སར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ།

དེ་ཡང་། རྒྱ་ནག་གི་རྒྱལ་ས་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དང་རང་དབང་གི་ཆེད་དུ། སློབ་མ་དང་ཤེས་ཡོན་ཅན་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་ལོ་ངོ་ཧྲིལ་བོ་༣༡་འཁོར་བའི་དུས་དྲན་ཉིན་ལ། འཛམ་གླིང་གང་སར་ཉིན་མོ་འདི་དུས་དྲན་སྲུང་བརྩི་ཤུགས་ཆེན་བྱེད་བཞིན་ཡོད། འོན་ཀྱང་། རྒྱ་ནག་ནང་ལ་དུས་དྲན་དེ་དང་འབྲེལ་བའི་ལས་འགུལ་དང་གནས་ཚུལ་ཆ་ཚང་བཀག་ཡོད་འདུག

ཐེ་ཝན་དང་ཧོང་ཀོང་ནང་དུ་དྲུག་བཞིའི་དོན་རྐྱེན་གྱི་ཉིན་མོ་དུས་དྲན་སྲུང་བརྩི་བྱས་ཡོད་པ་དང་། ༡༩༨༩་ལོའི་ཟླ་༦་ཚེས་༤་ཉིན། པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དང་རང་དབང་གི་ཆེད་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་སོང་བའི་སློབ་མ་དང་ཤེས་ཡོན་པ་རྣམས་ལ་མྱ་ངན་དང་། ཤུལ་ལུས་ཕ་མ་རྣམས་ལ་གདུང་སེམས་མཉམ་སྐྱེད་བྱས་འདུག

དེ་མཚུངས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་ཆེ་མར་ཁི་པམ་གྱིས་དྲུག་བཞིའི་དོན་རྐྱེན་ལས་སྲོག་ཐར་བྱུང་བའི་མི་སྣ་གལ་ཆེན་ཝང་ཏན་དང་གཞན་མི་གསུམ་ལ་མཇལ་འཕྲད་གནང་འདུག གཞན་ཡང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་ཐོག་བསྒྲགས་གཏམ་ཞིག་སྤེལ་ཡོད་ཅིང་། དེའི་ནང་དུ། ཨ་རི་ཡིས་དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པའི་མི་རྣམས་ལ་མྱ་ངན་ཞུ། དེ་བཞིན་མང་གཙོ་དང་རང་དབང་། འགྲོ་བ་མིའི་ཐོབ་ཐང་ཡོང་ཐབས་ལ་འབད་བརྩོན་མུ་མཐུད་ནས་བྱེད་བཞིན་ཡོད་པའི་རྒྱ་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཡོད། ཅེས་སོགས་འཁོད་འདུག

༡༩༨༩ ལོའི་ཟླ ་༦ ཚེས ་༤ ཉིན་ནི། རྒྱ་ནག་གི་པེ་ཅིན་གྱི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་མང་གཙོ་དང་རང་དབང་གི་ཆེད་དུ་སློབ་མ་དང་ཤེས་ཡོན་ཅན་སྟོང་ཕྲག་མང་པོས་རྒྱ་གཞུང་ལ་ངོ་རྒོལ་བྱས་རྗེས། རྒྱ་གཞུང་གིས་སྡུག་རྩུབ་ཆེན་པོའི་སྒོ་ནས་དམར་གསོད་ཚབས་ཆེན་བཏང་ཡོད་པ་དང་། ཉིན་མོ་འདི་ནི་འཛམ་གླིང་གི་ལོ་རྒྱུས་ཐོག་སྲུབ་ཐབས་མེད་པའི་སྐྱོ་གདུང་གི་ཉིན་ཞིག་ཆགས་ཡོད། དེར་དྲུག་བཞིའི་དོན་རྐྱེན་གྱི་ཉིན་མོའང་ཟེར།