22
Sun, Sep

བླ་སྨན་ཡེ་ཤེས་དོན་ལྡན་མཆོག

བཅར་འདྲི།
Typography

བླ་སྨན་ཡེ་ཤེས་དོན་ལྡན་མཆོག་ལ་བསྟེན་ཚུལ།
སྨན་སྦྱོར་པ་ཚེ་རིང་བདེ་སྐྱིད་ལགས་སུ་བཅར་འདྲི།

དྲི་བ། བླ་སྨན་ཡེ་ཤེས་དོན་ལྡན་ལགས་ལ་སྟེན་པར་ཐོ་ག་འདྲ་འགོད་པ་དང་ཆ་རྐྱེན་ག་རེ་ཚང་དགོས་སམ།

ལན། ཐོ་འགོད་ས་འདི་བླ་སྨན་ཁོང་གི་སྨན་ཁང་རྒྱབ་ན་(Tibetan Ashoka Nirva)ཞེས་པ་དེར་འགྲོ་དགོས་པ་དང་། ཆ་རྐྱེན་ནི་དོ་བདག་ནད་པའི་(Adhar card)ཡང་ན་(pen card)་གང་རུང་གིས་ངོ་བཤུས་འཁྱེར་ནས་དུས་བཀག་བཟོ་དགོས། མི་རེར་(Token)འཛིན་ཤོག་ལ་སྒོར་ཉི་ཤུ་ཡིན། གལ་སྲིད་མི་གཞན་གྱི་ནད་པའི་ཚབ་ལེན་གྱི་ཡོད་ན། མི་གཅིག་གི་ཐོ་ལས་འགོད་མི་ཆོག་པ་མ་ཟད། ད་དུང་ཐོ་ལེན་མཁན་དང་ནད་པ་གཉིས་ཀའི་(Adhar card ཡང་ན་pen card)དགོས། ཉིན་རེར་མི་གྲངས་༤༥་ལ་འཛིན་ཤོག་སྤྲོད་ཀྱི་ཡོད།

དྲི་བ། བླ་སྨན་ཁོང་གིས་གཟའ་འཁོར་གཅིག་གི་ནང་ནད་པར་ལྟ་བའི་ཉིན་ག་དུས་ཡིན་པ་དང་སྨན་པ་ཁོང་རྡ་སར་བཞུགས་མེད་དུས་ག་དུས་ཡིན་ནམ།

ལན། གཟའ་སྤེན་པ་དང་བོད་པའི་དུས་ཆེན་ཁག་ཕུད་ཕལ་ཆེར་ནད་པར་ལྟ་བཞིན་ཡོད་ཡོད། འོན་ཀྱང་། ཁོང་དགུང་ལོ་མཐོ་བས་གཟུགས་གཞི་མི་བདེ་བའི་རིགས་འབྱུང་སྲིད་པས་ནམ་རྡ་སར་བཞུགས་ཡོད་མེད་དེ་བརྗོད་དཀའ།

དྲི་བ། སྨན་པ་སྟེན་མཁན་མང་ཆེ་བ་སུ་(རྒྱ་གར་བ་དང་བོད་པ་སོགས་)ཡིན་ནམ། རྒྱུ་མཚན་གང་ཡིན་ནམ།

ལན། སྨན་པ་སྟེན་མཁན་མང་ཆེ་རྒྱ་གར་བ་རེད། རྒྱུ་མཚན་ནི་ཁོ་ཚོ་ཕལ་ཆེ་བ་སྐྲན་ནད་འདྲ་མིན་ན་མཁན་རྐྱང་ཡིན་པས། ནད་པ་ཁག་དྲག་སྐྱེད་ཡག་པོ་འབྱུང་བའི་རྐྱེན་གྱིས་གཅིག་གི་གཅིག་ལ་ཡོངས་གྲགས་ཀྱིས་འདིར་ནད་པ་ཕལ་ཆེ་བ་རྒྱ་གར་བ་ཡོང་གི་ཡོད།

དྲི་བ། བླ་སྨན་ཡེ་ཤེས་དོན་ལྡན་ལགས་ཀྱི་སྨན་ཀྱིས་རྒྱ་གར་བ་དེ་ཚོར་ཧ་ཅང་ཕན་གྱི་འདུག་ཟེར་བཞིན་འདུག་པས། བོད་པ་ཚོར་དེ་ལྟར་ཕན་གྱི་ཡོད་དམ།

ལན། སྨན་པས་གང་གསུངས་པ་དེ་རྒྱ་གར་བ་ཚོས་སྤང་དོར་དང་འཛེམ་དགོས་པ་རྣམས་ཡག་པོ་གནང་གི་འདུག་པས། ཁོ་ཚོར་ཧ་ཅང་ཕན་གྱི་འདུག འོན་ཀྱང་། བོད་པ་ཚོས་སྨན་པས་གང་གསུངས་པ་རྣམས་དེ་ཙམ་གྱིས་ལག་བསྟར་གནང་ཐུབ་ཀྱི་མིན་འདུག དཔེར་ན། ཟས་བཅུད་སྤང་བླང་དང་ཉིན་རེར་སྨན་དུས་ཐོག་ཏུ་ཟ་རྒྱུ་སོགས་ལ་དོ་སྣང་ཆུང་བས་སྨན་གྱི་ནུས་པ་འཇུག་དཀའ་བས། རྒྱ་གར་བ་ནང་བཞིན་ཧ་ཅང་ཕན་གྱི་འདུག་ཟེར་བ་དཀའ།

དྲི་བ། སྨན་པ་ཁོང་གིས་ཉིན་གཅིག་ལ་ནད་པ་ག་ཚོད་ལ་ལྟ་བཞིན་ཡོད་དམ། ལན། སྨན་པ་ཁོང་གིས་ཉིན་གཅིག་ལ་ནད་པ་༦༠ལ་ལྟ་བཞིན་ཡོད།

དྲི་བ། བོད་པ་ཚོར་གང་གསུངས་འདོད་ཡོད་དམ།

ལན། གཙོ་བོ་དེ་ཉིན་རེའི་སྨན་དུས་ཐོག་ཏུ་མཆོད་པ་དང་ལྷན་དུ་ཟས་བཅུད་འཛེམ་དགོས་པ་རྣམས་སྤང་ན་ལེགས་སོ། ཐུགས་རྗེ་ཆེ།

བོད་ཀྱི་ལོ་རྒྱུས་ཡིག་ཆ།