17
Tue, Sep

གྲྭ་ཆོས་ཀྱིས་ལགས་དང་ཁོང་རང་བཙོན་འཇུག་པའི་ཡིག་ཆ་གཉིས།

བོད་ཀྱི་གསར་འགྱུར།
Typography

༢༠༡༧།༡༢།༢༢ཉིན་སྤེལ། གྲྭ་ཆོས་ཀྱིས་ལགས་ཁོང་གི་ཨ་ཕའི་མཁྲིས་ནས་འཛིན་བཟུང་བྱས་པ་དང་།  དེའི་རྗེས་ཉེན་རྟོག་པ་བཅུ་ཕྲག་ཁ་ཤས་ཀྱིས་ཁོང་གི་ཁྱིམ་ནང་སྔོག་བཤེར་བྱས་སྐབས་༼༧སྐུའི་གྱ་སྟོན་བསུ་༽ཞེས་པའི་སྟོད་གོས་ཤིག་ལག་སོན་བྱུང་སྟེ་ཉེན་རྟོག་པས་འཁྱེར་ཡོད་འདུག

ཕྱི་ལོ་ ༢༠༡༥ ལོར་བོད་གསེར་རྟ་ཕུ་གུ་དགོན་གྱི་གྲྭ་ཆོས་ཀྱིས་ལགས་རྒྱ་གཞུང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་འོག་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ལོ་བཞིར་ཁྲིམས་ཐག་བཅད་དེ་མི་ཉག་ར་རྔ་སྒང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག

ཁོང་འཛིན་བཟུང་མ་བྱས་སྔོན་ནས་ནད་གཞི་མང་པོ་ཕོག་ཡོད་པའི་རྐྱེན་སྐུ་གཟུགས་ཧ་ཅང་སྐྱོ་པོར་ཆགས་ཡོད་པ་དང་། བཙོན་དུ་བཙན་གྱིས་ལས་ཀ་མང་པོར་བྱེད་བཅུག་པར་བརྟེན་གཟུགས་གཞིའི་གནས་སྟངས་གཅོང་ནད་དུ་སོང་གཤིས། ད་ལྟའི་ཆར་ཁོང་གི་ནད་ཇེ་སྡུག་དུ་འགྲོ་བཞིན་ཡོད་འདུག

འདི་ལོའི་ཟླ་ ༡༠ ནས་བཟུང་ཁོང་གི་ནང་མི་ཐུག་འཕྲད་དུ་སོང་སྐབས། ཟས་རིགས་དང་ཅ་དངུལ་སོགས་ཁོང་ལ་སྤྲད་མི་ཆོག་པའི་བཙན་བཀའ་བཏང་ཡོད་པའི་སྐོར་གྱི་གནས་ཚུལ་འབྲེལ་ཡོད་མི་སྣ་ཞིག་གིས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་ཀྱིས་བརྗོད་པར། “གྲྭ་ཆོས་ཀྱིས་ལགས་ཁོང་གི་ཨ་ཕའི་མཁྲིས་ནས་འཛིན་བཟུང་བྱས་པ་དང་།  དེའི་རྗེས་ཉེན་རྟོག་པ་བཅུ་ཕྲག་ཁ་ཤས་ཀྱིས་ཁོང་གི་ཁྱིམ་ནང་སྔོག་བཤེར་བྱས་སྐབས་༼༧སྐུའི་གྱ་སྟོན་བསུ་༽ཞེས་པའི་སྟོད་གོས་ཤིག་ལག་སོན་བྱུང་སྟེ་ཉེན་རྟོག་པས་འཁྱེར་ཡོད་འདུག
 དེའི་ཕྱི་ཉིན་ཁོང་གི་ཕ་མ་གཅིག་པའི་གཅེན་མོ་སྐྱིད་འཛོམས་དང་། མོའི་བུ་གྲགས་པ་གཉིས་ཡང་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ཉིན་གྲངས་ ༡༥ ཙམ་གྱི་རིང་ཚ་འདྲི་ནན་འདྲི་དང་གཅར་རྡུང་འདྲ་མིན་བྱས་མཐར་གློད་གྲོལ་བཏང་ཡོད་པར་” འགྲེལ་བརྗོད་གནང་སོང་།

མུ་མཐུད་འགྲེལ་བརྗོད་བྱས་པར། “ཁོང་ལ་མཆིན་པ་དང་། ཕོ་ཁ། མཚེར་བ་སོགས་ཀྱི་ན་ཚ་ཡོད་པར་བརྟེན་རྒྱ་སྨན་བོད་སྨན་གཉིས་རེ་མོས་ཀྱིས་སྨན་འཐུང་བཞིན་ཡོད་པ་དང་། ལྷག་པར་ནང་མི་སྤུན་མཆེད་ཚོས་སེམས་ཁྲལ་བྱེད་བཞིན་ཡོད་འདུག ” ཅེས་བརྗོད་སོང་།

དགེ་འདུན་པ་ཆོས་ཀྱིས་ཁོང་གི་ཕ་ཡུལ་ནི་གསེར་རྟ་རྫོང་སྙི་སྟོད་ཡུལ་ཚོ་ཕུ་གུ་དགོན་ཞོ་སང་སྡེ་བ་ནས་ཡིན་པ་དང་། ཕ་མིང་ལ་ཞོ་སྐྱ་ཉོ་དང་། མ་མིང་ལ་ཚེ་རིང་སྐྱིད་ཟེར། དགུང་ལོ་ ༣༩ ཡིན་འདུག་པ་བཅས།།