20
Fri, Jul
34 New Articles

ཁེ་ན་ཌའི་གྲོས་ཚོགས་གོང་མའི་ནང་བོད་མི་ཆབ་སྲིད་བཙོན་པའི་གནས་སྟངས་རྟོག་ཞིབ་གནང་བ།

རྒྱལ་སྤྱིའི་གསར་འགྱུར།
Typography

ཁེ་ན་ཌའི་གྲོས་ཚོགས་གོང་མའི་ནང་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༢༣ ཉིན་བོད་མིའི་ཆབ་སྲིད་བཙོན་པའི་གནས་སྟངས་ཐོག་རྟོག་ཞིབ་གནང་འདུག

བོད་མི་ཚོས་རང་གི་ཐུན་མིན་ཆོས་དང་རིག་གཞུང་སོགས་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བར་བརྟེན་རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་དང་བྱེད་མུས་ཡིན།  དེ་ཡང་ད་ལྟ་བཙོན་དུ་ལུས་བཞིན་པའི་བོད་མི་ཆབ་སྲིད་བཙོན་པ་ལྔའི་གནས་སྟངས་ཐོག་གྲོས་ཚོགས་འཐུས་མི་ལྔ་ནས་ཁེ་ན་ཌའི་གྲོས་ཚོགས་ནང་གསལ་བཤད་གནང་བ་དང༌།  རྟོག་ཞིབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་ཌེན་ནི་སི་གྷི་ལེན་པེ་ཊར་སན་ Dennis Glen Patterson མཆོག་ཡིན་འདུག

གྲོས་ཚོགས་འཐུས་མི་གཞན་གསུམ་པོ་ནི་མ་རི་ལུ་མེག་ཕེཌ་རེན་ Marilou McPhedran མཆོག དང༌། ཐན་ཧེ་ནོ་མཆོག Thanh Hai Ngo དེ་བཞིན་ཕྱོགས་འགལ་ཚོགས་པའི་ཚོགས་གཞོན་ཡོ་ནྷ་མར་ཊིན་མཆོག Yonah Martin  དང༌། ལིན་ཌ་ཕརམ་མཆོག་ Linda Frum. བཅས་ཡིན་འདུག

“རྒྱ་ནག་གཞུང་གིས་པཎ་ཆེན་ཆུང་སྲིད་རིན་པོ་ཆེ་མཆོག་བཙན་ཁྲིད་བྱས་ནས་ད་ལྟ་གར་སོང་ཆ་མེད་དུ་གྱུར་ཡོད།  དེར་བརྟེན་ད་ལྟའི་ཆར་ཁོང་གི་གནས་སྟངས་ཇི་ཡིན་སྐོར་རྩ་བ་ནས་ཤེས་རྟོགས་མ་ཐུབ་པའི་ཛ་དྲག་གི་གནས་སྟངས་ཆགས་ཡོད་སྟབས་ང་ལ་སེམས་འཚབ་ཧ་ཅང་འདུག

ང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་གནང་བཞིན་པའི་སྐབས་འདིར།  ཁེ་ན་ཌའི་གཞུང་གིས་ཡུལ་འདིའི་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལ་ཇི་ཙམ་བརྩི་བཀུར་ཞུ་བཞིན་པ་ལྟར་རྒྱ་ནག་གཞུང་ནས་ཀྱང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ཐོག་བརྩི་བཀུར་བྱ་དགོས།  ཞེས་རེ་འདུན་འདོན་དགོས།”   ཞེས་སྐུ་ཞབས་ཌེན་ནི་སི་གྷི་ལེན་པེ་ཊར་སན་ Dennis Glen Patterson མཆོག་གིས་གསུང་པ་མ་ཟད།  ཡང་ཁོང་གིས་“ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་རྩ་ཁྲིམས་ནང་གསལ་ལྟར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཐོབ་ཐབས་ཆེད་རྒྱ་ནག་གཞུང་དང་གྲོས་མོལ་བསྐྱར་གསོ་ཡོང་ཐབས་མཛད་བཞིན་ཡོད། ” ཅེས་གསུངས།།

གསལ་བསྒྲགས་ཀྱི་ས་མིག