17
Sun, Feb
16 New Articles

ང་མི་ཚོགས་ཀྱི་ཁྲོད་དུ་ཡོད་ཀྱང། ཇི་འདྲའི་ཁེར་རྐྱང་ཞིག

འཕྲོད་བསྟེན་ཤེས་བྱ།
Typography

བྷེ་བྷེ་སེ་གསར་ཁང་གིས་ཉིས་སྟོང་བཅོ་བརྒྱད་ལོའི་མཛའ་གྲོགས་དུས་ཆེན་གྱི་སྐབས་སུ། མི་རྣམས་སྣང་བ་ཁེར་རྐྱང་དུ་གྱུར་པའི་སྐོར་གྱི་ཞིབ་འཇུག་ལས་གཞི་ཞིག་གི་བརྩམས་ཡོད་ཅིང་། ལས་གཞི་དེར་འཛམ་གླིང་གང་ས་ནས་མི་༥༥༠༠༠མཉམ་ཞུགས་བྱས་ཡོད་པ་དང་། དེ་ནི་ལོ་རྒྱུས་སྟེང་སྣང་བ་ཁེར་རྐྱང་དུ་ལྷུང་པའི་སྐོར་གྱི་ཞིབ་འཇུག་ལས་གཞི་ཆེ་ཤོས་ཤིག་ཡིན་ཞིང་། ལས་གཞི་འདི་འགོ་རྩོམ་མཁན་ཁ་ལུ་ཌི་ཨ(Claudia Hammond)ཀྱིས་ཞིབ་འཇུག་དེའི་མཐའ་མའི་གྲུབ་དོན་གྱི་སྐོར་དང་། ལས་གཞི་དེར་མཉམ་ཞུགས་པ་གསུམ་གྱིས་རང་ཉིད་ཁེར་རྐྱང་དུ་ལྷུང་བའི་མྱོང་བ་བརྗོད་འདུག

 “མུ་མཐའ་མེད་པའི་མཁའ་དབྱིངས་སུ་གནས་པ་ལྟར། སེམས་སུ་སྟོང་ལྷང་ལྷང་གི་ཚོར་སྣང་ཞིག་འདུག ཁྱོད་ལ་ལས་དོན་བཟང་ངན་ཅི་ཞིག་བྱུང་ཡང་དེ་བཤད་སའི་མི་ཞིག་མེད་ཅིང་། ཁྱོད་ཀྱི་འཚོ་བའི་ཁྲོད་དུ་སྙིང་གཏམ་བཤད་སའི་མི་དེ་དག་མེད་ཚེ། ཁྱོད་ཀྱི་འཚོ་བ་ནི་ཇི་འདྲའི་དཀའ་ཁག་ཅན་ཞིག”

རང་ལོ་སོ་གསུམ་ཡིན་པའི་བུད་མེད་མད་ཤེལ་ལེ་ལོ་ཌེ(Michelle Lloyd)ནི་ལོན་ཌོན་དུ་འཚོ་སྡོད་བྱེད་ཀྱི་ཡོད་ཅིང་། ཁོ་མོ་ནི་ཁ་སངས་པོ་དང་ལུས་བདེ་ཐང་ཅན་ཞིག་ཡིན་པར་མ་ཟད། རང་ཉིད་ཀྱི་ལས་ཀར་ཡང་འདོད་བློ་ཚིམ་གྱི་ཡོད། མཐའ་འཁོར་གྱི་མི་རྣམས་དང་བསྡུར་ནས་བཤད་ན། དེ་འདྲའི་འཚོ་བ་ནི་ལེགས་པོ་ཞིག་རེད་ཅེས་བརྗོད་ཆོག་མོད། ཁོ་མོའི་སེམས་སུ་ཁེར་རྐྱང་གི་ཚོར་སྣང་ཞིག་རྟག་པར་སྐྱེ་བཞིན་ཡོད། ཁོ་མོ་གྲོང་ཁྱེར་མི་འདྲ་བ་ཁ་ཤས་ནས་བསྡད་མྱོང་ཞིང་གྲོགས་པོ་ཡང་མང་པོ་འདུག གཟའ་མཇུག་ཐོན་སྐབས། གྲོགས་པོ་ཚོས་རང་ཉིད་ཀྱི་བྱིས་པར་བདག་སྐྱོང་བྱེད་པའི་ལས་ལ་བྲེལ་གྱི་ཡོད། ཁོ་མོ་ལས་ཀ་གྲོལ་རྗེས། ལས་རོགས་ཚོ་དང་ལྷན་དུ་ཝུ་ཆང་འཐུང་གི་འགྲོ་བཞིན་ཡོད་ཀྱང་། འདི་ནི་མི་གཞན་དང་འབྲེལ་བ་གཏིང་ཟབ་བྱེད་ཐུབ་བྱེད་ཀྱི་མེད་པའི་རྒྱུ་མཚན་དེ་ཡིན་ཞེས་ཁོ་མོས་བཤད་སོང་།

ཁོ་མོས་བརྗོད་དོན། “ང་རང་ནི་མི་གཞན་དང་ཁ་བརྡ་བྱེད་མཁས་པ་ཞིག་ཡིན་ཞིང་། སུ་དང་ལྷན་དུ་ཁ་བརྡ་བྱེད་ནའང་འཛེམ་དོགས་མེད་པ་ཞིག་ཡིན། དེ་ལྟར་ཡིན་ནའང་། དེས་ང་དང་མི་གཞན་གྱི་འབྲེལ་བ་དེ་རྒྱུན་རིང་པོ་ཉར་ཐུབ་པ་དེ་མཚོན་མི་ཐུབ། ཁྱོད་རང་སེམས་སུ་འཇིགས་སྐྲག་སྐྱེ་བའི་མི་ཚོགས་ཀྱི་ཁྲོད་དུ་ཡོད་པ་དང་འདྲ་བར། རང་ཉིད་ངོ་མ་དེ་གཞན་ལ་ཤེས་སུ་བཅུག་ན་མི་འདོད། …… ང་རང་ལ་ནམ་རྒྱུན་ཁེར་རྐྱང་གི་སྣང་བ་ཞིག་ཡོད་ཅིང་། ང་རང་ལོ་ན་བཅུ་ལྷག་ལ་སོན་པའི་སྐབས་ནས། རང་ཉིད་ནི་གཞན་དང་མ་འདྲ་བ་ཞིག་ཡིན་པའི་ཚོར་སྣང་ཡོད་ཅིང་། བྱིས་པ་གཞན་དང་ལྷན་དུའང་སྡོད་རྒྱུ་མི་དགའ། འདས་པའི་ལོ་ལྔའི་ནང་དུ། ཚོར་སྣང་དེ་རིམ་བཞིན་ཇེ་ཆེ་ནས་ཇེ་ཆེར་འགྲོ་བཞིན་འདུག”

ཁོ་མོའི་ཡིད་སེམས་སྡུག་བསྔལ་གྱི་ནང་དུ་ལྷུང་བར་བརྟེན་ཁེར་རྐྱང་གི་སྣང་བ་ཇེ་ཆེ་ནས་ཇེ་ཆེར་གྱུར་ཞིང་། དེའི་རྒྱུ་མཚན་ནི་སེམས་ཀྱི་སྡུག་བསྔལ་དེ་དག་བཤད་ས་ཞིག་མེད་པས་རེད། “མི་གཞན་གྱིས་ང་ལ་འཚམས་འདྲི་བྱེད་སྐབས། ངས་རྟག་པར་ང་རང་བདེ་མོ་སྐྱིད་པོ་ཡིན་ཞེས་བཤད་ཀྱི་ཡོད། ཡིན་ནའང་། དེ་ནི་སྐད་ཆ་དྲང་མོ་ཞིག་མིན་ཞིང་། ཐ་ན་མདང་དགོང་ཡང་ང་རང་གཅིག་པུར་ཉལ་བར་སུན་སྣང་སྐྱེ་མྱོང་། མི་ཚོའི་མདུན་ནས་རང་ཉིད་ཡག་པོ་ཡོད་མདོག་བྱེད་ཀྱིན་ཡོད། ངའི་སེམས་ཀྱི་ཁེར་རྐྱང་གི་སྡུག་བསྔལ་དེ་ནི་ང་རང་ཉིད་ཁོ་ནས་མ་གཏོགས་མི་ཤེས་ཤིང་། སྡུག་བསྔལ་དེ་གཞན་ལ་བཤད་ཐབས་ཤིག་མི་འདུག”ཅེས་ཁོ་མོས་དེ་ལྟར་བཤད།

རྒྱུན་ལྡན་གྱི་སྣང་ཚུལ་ལྟར་ན། ཁེར་རྐྱང་དུ་འཚོ་བ་རོལ་མཁན་དང་ལོ་ན་རྒན་པ་ཚོར་ཁེར་རྐྱང་གི་སྣང་བ་མང་པར་བརྗོད་ཅིང་། དེ་ནི་བདེན་པ་ཞིག་ཀྱང་རེད། ཡིན་ནའང་། བྷེ་བྷེ་སེ་གསར་ཁང་གིས་ཞིབ་འཇུག་བྱས་པ་ལྟར་ན། མཚམས་རེར་གཞོན་སྐྱེས་ཚོའི་ཁེར་རྐྱང་གི་སྣང་བ་དེ་ཆེ་བར་བརྗོད་ཅིང་། གནད་དོན་འདི་ནི་ཕལ་ཆེར་རྒྱལ་ཁབ་ཚང་མའི་ནང་དུ་འབྱུང་བཞིན་འདུག

མི་རྣམས་ཀྱིས་དེང་རབས་ཀྱི་འཚོ་བ་ནི་གཞོན་སྐྱེས་ཚོ་ཁེར་རྐྱང་དུ་གྱུར་འགྲོ་བའི་དུས་ཤིག་ཏུ་འདོད་ཀྱི་ཡོད་ཀྱང་། ང་ཚོས་མི་རྒན་པ་ཚོར་ལོ་ཚོད་ནམ་ཞིག་ཏུ་ཁེར་རྐྱང་གི་སྣང་བ་ཆེའམ་ཞེས་འདྲི་སྐབས། ཁོ་ཚོས་ཀྱང་གཞོན་དུས་སུ་ཁེར་རྐྱང་གི་སྣང་ཆེ་བར་ཡོད་པའི་སྐོར་བརྗོད་སོང་།

གཞོན་སྐྱེས་ཚོར་ཁེར་རྐྱང་གི་སྣང་བ་འབྱུང་གི་ཡོད་པ་ལ་རྒྱུ་མཚན་སྣ་ཚོགས་ཤིག་ཡོད་སྲིད། ལོ་༡༦དང་༢༤ཡིན་སྐབས། ཁྱིམ་ཚང་གནས་སྤོ་དང་། རང་མགོ་རང་ཐོན་བྱེད་མགོ་རྩོམ་པ། གྲོགས་པོ་གསར་པ་འཚོལ་བཞིན་པའི་དུས་སྐབས་ཤིག་ཡིན། མཚམས་རེར་གཞོན་སྐྱེས་ཚོས་ཁེར་རྐྱང་གི་སྡུག་བསྔལ་མྱོང་གི་མེད། རྒྱུ་མཚན་ནི། བརྒྱུད་རིམ་དེ་ནི་གནས་སྐབས་ཙམ་ཞིག་ཡིན་པ་དང་། དེས་ཁོ་ཚོར་གྲོགས་པོ་གསར་པ་སྒྲིག་པ་དང་འབྲེལ་བ་རྙིང་པ་བསྐྱར་གསོ་བྱེད་པར་ཕན་ཐོགས་ཀྱི་ཡོད། མི་བརྒྱ་ཆའི་བཞི་བཅུ་ཞེ་གཅིག་གིས་ཁེར་རྐྱང་གི་འཚོ་བར་དགེ་མཚན་ལྡན་པར་ཡང་བརྗོད་ཀྱི་འདུག

ཞིབ་འཇུག་བྱས་པ་ལྟར་ན། གཞོན་སྐྱེས་ཚོ་མི་རྒན་པ་དང་བསྡུར་ན་རང་གི་ཁེར་རྐྱང་གི་སྡུག་བསྔལ་དེ་གཞན་ལ་བཤད་པའི་འདོད་པ་ཆེ་བར་བརྗོད། ཡིན་ནའང་། ཁེར་རྐྱང་གི་སྣང་བ་ཤུགས་ཆེན་ཡོད་པའི་གཞོན་སྐྱེས་ཚོེ་རང་གི་སྡུག་བསྔལ་དེ་གཞན་ལ་བཤད་པར་ངོ་ཚ་བྱེད་ཀྱིན་འདུག མི་རྒན་པ་ཚོས་རང་གི་ཁེར་རྐྱང་གི་སྡུག་བསྔལ་དེ་གཞན་ལ་བཤད་པར་ཞེད་སྣང་སྐྱེ་བཞིན་ཡོད་དམ། ཡང་ན། སྡུག་བསྔལ་དེ་སེལ་བའི་ཐབས་ལམ་གཞན་ཞིག་ཡོད་པ་ཡིན་ནམ། གང་ལྟར། ཞིབ་འཇུག་གི་འབྲས་བུ་ལྟར་ན། ཁེར་རྐྱང་ནི་མིའི་ལོ་ཚོད་ཀུན་ལ་ཧ་ཅང་གལ་ཆེན་པོའི་གནད་དོན་ཞིག་ཏུ་གྱུར་འདུག ཡུན་རིང་དུ་ཁེར་རྐྱང་དུ་ལྷག་ཚེ། ལུས་སེམས་གཉིས་ཀར་གནོད་པ་ཐེབས་ཀྱི་ཡོད། ང་ཚོས་མི་ཁ་ཤས་དེ་འདྲའི་ཁེར་རྐྱང་གི་སྣང་བ་ཆེན་པོ་ཞིག་སྐྱེ་དོན་ཅི་ཡིན་མིན་གྱི་སྐོར་ལ་ཞིབ་འཇུག་བྱེད་སྐབས། དེ་ནི་མི་དང་མིའི་ཁྱད་པར་ཞིག་རེད། ནམ་རྒྱུན་ཁེར་རྐྱང་གི་སྣང་བ་ཤུགས་ཆེ་བའི་མི་རྣམས་ནི། གཞན་ལ་ཡིད་ཆེས་བྱེད་པའི་བསམ་བློ་མེད་མཁན་རྣམས་རེད་འདུག

མི་དེ་རྣམས་ཀྱིས་གཞན་ལ་ཡིད་ཆེས་བྱེད་ཀྱིན་མེད་པའི་རྒྱུ་མཚན་ཅི་ཡིན་མིན་ང་ཚོས་ཤེས་ཀྱི་མེད་ནའང་། མིག་སྔར་གྱི་ཞིབ་འཇུག་ལྟར་ན། གལ་ཏེ་མི་ཞིག་ཡུན་རིང་པོ་ཞིག་ལ་ཁེར་རྐྱང་གི་ངང་དུ་ལྷག་ཚེ། གཞན་གྱིས་རང་ཉིད་དང་ལེན་བྱེད་ཀྱི་མ་རེད་སྙམ་པའི་བསམ་བློ་དེ་ཇེ་ཆེར་འགྲོ་བཞིན་འདུག དེ་ནས་ཁོ་མོས་ཀྱང་འདི་ལྟར་བཤད། “ཁྱོད་རང་ཁེར་རྐྱང་དུ་ལྷག་ཚེ། ལས་ཀ་མང་པོ་ཞིག་ཁྱོད་ཁོ་ནས་བྱེད་དགོས་ཀྱི་ཡོད། གལ་སྲིད་མི་ཞིག་གིས་ཁྱོད་རང་ལ་ཡག་པོ་བྱེད་ཀྱི་ཡོད་ནའང་། ཁྱོད་ཀྱིས་དེ་ལས་ལྡོག་སྟེ་དོགས་ཟོན་བྱེད་ཡོང་། ཁེར་རྐྱང་གི་སྣང་བ་དེས་ཁྱོད་རང་གི་བསམ་བློ་ཧ་ཅང་གུ་དོག་པོ་ཞིག་ཏུ་གཏོང་བཞིན་ཡོད། ” ཁེར་རྐྱང་དང་ཁེར་སྡོད་ཀྱི་འབྲེལ་བ་ནི་རྙོག་འཛིང་ལྡན་པ་ཞིག་ཡིན། ང་ཚོའི་ཞིབ་འཇུག་གི་ཁྲོད་ནས། མི་བརྒྱ་ཆའི་གྱ་གསུམ་ནི་མི་གཅིག་གི་འཚོ་བར་དགའ་མཁན་རེད་ལ། མི་གསུམ་ཆའི་གཅིག་གིས་ཁེར་སྡོད་ལ་བརྟེན་ནས་ཁེར་རྐྱང་གི་སྣང་འབྱུང་ཞིང་། ཚད་ངེས་ཅན་ཞིག་གི་ཐོག་ནས། ཁེར་སྡོད་ནི་ཁོ་ཚོའི་ཁེར་རྐྱང་གི་སྣང་བའི་འབྱུང་ཁུངས་སུ་གྱུར་འགྲོ་བཞིན་ཡོད་པར་འདོད་ཀྱིན་འདུག

                                                                                                                                                                                                                                                                                                                            མུ་འགོད།

གསལ་བསྒྲགས་ཀྱི་ས་མིག