ཕྱི་ལོ་༢༠༢༥ ཟླ་༡༡ ཚེས་༣ ཉིན་སྤེལ། ཉེ་ཆར་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཤྲཱི་ལངྐ་(Sri lanka) ཆིབས་བསྒྱུར་བསྐྱངས་ནས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་ཡོད་འདུག སྐབས་དེར། ཤྲཱི་ལངྐའི་ནང་དུ་ཆོས་བརྒྱུད་ཆེན་པོ་༼སི་ཡམ་ནི་ཀ་ཡ། ཨ་མར་པུ་ར་ནི་ཀ་ཡ། རཱམནྱ་ནི་ཀ་ཡ་བཅས་༽གསུམ་ཡོད་པ་ལས། ཨ་མར་པུ་ར་ནི་ཀ་ཡའི་ཆོས་བརྒྱུད་ཀྱི་ཐོག་ནས་༼འཇིག་རྟེན་དོན་དུ་སློབ་དཔོན་ཆོས་ཀྱི་རྣམ་རྒྱན།༽LOKARTHACHARYA DHARMA VIBHUSHANA གཟེངས་བསྟོད་ཅེས་པ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འབུལ་བཞེས་མཛད་ཡོད་འདུག གཟེངས་བསྟོད་འདི་ནི་ཆོས་བརྒྱུད་དེའི་ཐོག་ནས་དེ་སྔ་འབར་མའི་བླ་ཆེན་ཞིག་དང་། ཐ་ལཎ་ཌིའི་བླ་ཆེན་ཞིག་ལ་འབུལ་གནང་མཛད་འདུག། །ཐེག་པ་ཆེན་པོ་དང་། དེའི་ནང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་ལ་འབུལ་བ་ཐོག་མ་དེ་ཆགས་ཡོད་འདུག
འདི་ལོའི་ཕྱི་ཟླ་༡༠་པའི་ཚེས་༣༠་ནས་ཕྱི་ཟླ་༡༡ པའི་ཚེས་༢་དབར། ༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཤྲཱི་ལངྐ་(Sri lanka) ཆིབས་བསྒྱུར་བསྐྱངས་ནས་ཆོས་ཕྱོགས་ཀྱི་མཛད་པ་བསྐྱངས་ཡོད་འདུག དེ་ཡང་ཕྱི་ལོ་༢༠༢༤ ལོ་བཞུགས་སྒར་དྷ་སར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་སྲིད་ན་རྙེད་པར་དཀའ་བའི་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་ཕུལ་བའི་བཀའ་དྲིན་རྗེས་དྲན་དང་། འདི་ལོར་༸གོང་ས་༸སྐྱབས་མགོན་རྒྱལ་དབང་ཐམས་ཅད་མཁྱེན་ཅིང་གཟིགས་པ་ཆེན་པོ་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་སྐུའི་གོ་སྟོན་སྲུང་བརྩིའི་སླད་དང་། ཤྲཱི་ལངྐའི་ཡུལ་དུ་ནང་ཆོས་ཐོག་མར་སྲོལ་གཏོད་མཁན་ཆོས་ཀྱི་རྒྱལ་པོ་ཨ་ཤོ་ཀའི་རྡོ་རིང་གསར་བཞེངས་ཀྱི་མཐུན་འགྱུར་གསོལ་སྩལ་དང་། དེའི་མཛད་སྒོའི་དབུ་བཞུགས་སུ་ཆིབས་བསྒྱུར་དང་། སངས་རྒྱས་ཀྱི་རིང་བསྲེལ་མཇལ་ཞུ་དང་ཐུགས་སྨོན་མཛད་ཡོད་འདུག
གཞན་ཡང་། ཤྲཱི་ལངྐའི་ནང་དུ་ཆོས་བརྒྱུད་ཆེན་པོ་༼སི་ཡམ་ནི་ཀ་ཡ། ཨ་མར་པུ་ར་ནི་ཀ་ཡ། རཱམནྱ་ནི་ཀ་ཡ་བཅས་༽གསུམ་ཡོད་པ་ལས། ད་ལན་ཨ་མར་པུ་ར་ནི་ཀ་ཡའི་ཆོས་བརྒྱུད་ཀྱི་ཐོག་ནས་༼འཇིག་རྟེན་དོན་དུ་སློབ་དཔོན་ཆོས་ཀྱི་རྣམ་རྒྱན།༽LOKARTHACHARYA DHARMA VIBHUSHANA གཟེངས་བསྟོད་ཅེས་པ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ལ་འབུལ་བཞེས་མཛད་ཡོད་འདུག གཟེངས་བསྟོད་འདི་བཞིན་ཆོས་བརྒྱུད་དེའི་ཐོག་ནས་དེ་སྔ་འབར་མའི་བླ་ཆེན་ཞིག་དང་། ཐ་ལཎ་ཌིའི་བླ་ཆེན་ཞིག་ལ་འབུལ་གནང་མཛད་འདུག། ཐེག་པ་ཆེན་པོ་དང་། དེའི་ནང་ནས་བོད་བརྒྱུད་ནང་བསྟན་གྱི་བླ་ཆེན་ཞིག་ལ་འབུལ་བ་ཐོག་མ་དེ་ཆགས་ཡོད་འདུག
དེ་བཞིན། ཤྲིར་ལངྐའི་ནང་སེམས་བསྐྱེད་གླིང་ལེགས་སྦྱར་དང་པ་ལིའི་རིགས་གཞུང་སྤེལ་རེས་ལྟེ་གནས་ཁང་དུ་སངས་རྒྱས་ཀྱི་རིང་བསྲེལ་རིན་པོ་ཆེ་གདན་ཞུ་དང་མཆོད་འབུལ་མཛད་སྒོའི་ཚོགས་མགོན་དུ་༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་ཆིབས་བསྒྱུར་བསྐྱངས་པ་དང་དེ་བཞིན་༸གོང་ས་༸མཆོག་གི་བདེ་སྐྱིད་ཀྱི་ཉམས་ལེན་ཁང་ཞེས་པ་གསར་བསྐྲུན་གྱི་ས་གཞི་བྱིན་རླབས་དང་ས་རྡོ་རྨང་འཇོག་གནང་ཡོད་འདུག ད་དུང་། ༸གོང་ས་༸མཆོག་སྐུ་ཚེ་ཞབས་པད་སྲིད་མཐར་བརྟན་པའི་སླད་ཕྱུགས་རིགས་ཚེ་ཐར་དང་། སློབ་ཕྲུག་གི་འཁོ་ཆས་སྦྱིན་གཏོང་གནང་མཛད་ཡོད་འདུག