ཕྱི་ལོ་༢༠༢༣་ཟླ་༢་ཚེས་༣ཉིན་སྤེལ། བོད་མདོ་ཁམས་ལི་ཐང་ནས་ཡིན་པའི་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས་ལོ་གཅིག་གི་སྔོན་རྒྱ་གཞུང་གིས་ཉེས་མེད་ཉེས་འཛུགས་བྱས་ནས་འཛིན་བཟུང་བྱས་ཡོད་པ་དང་། ཉེ་ཆར་ལི་ཐང་བཙོན་ཁང་ཞིག་ཏུ་ནང་དུ་འདས་གྲོངས་སུ་ཕྱིན་ཡོད་འདུག
རྒྱ་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལ་མི་ལོ་གཉིས་རིང་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༢༢་ཟླ་༡༡་ཚེས་༤་སྤེལ། རྒྱ་གཞུང་གིས་རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་༸སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་བཅས་ལ་སྐྱབས་རྟེན་དང་བསྔོ་རྟེན་ཞུ་ཆེད་ཕྱི་རྒྱལ་དུ་དངུལ་སྒོར་བསྐུར་བའི་ཉེས་མིང་འོག་མི་ལོ་གཉིས་ལ་བཙོན་འཇུག་ཁྲིམས་ཐག་བཅད་འདུག
བཀྲ་ཕུན་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་གནང་ནས་འདས་གྲོངས་སུ་ཕྱིན་འདུག
ཕྱི་ལོ་༢༠༢༢་ཟླ་༣་ཚེས་༢༧་ཉིན། བོད་མདོ་སྨད་རྔ་བ་ནས་ཡིན་པའི་རང་ལོ་༨༡་སོན་པའི་བོད་མི་བཀྲ་ཕུན་ལགས་ཀྱིས་རྔ་པ་ཀིརྟི་དགོན་པར་ལྟ་རྟོག་བྱེད་མཁན་གྱི་ཉེན་རྟོག་ལས་ཁུངས་མདུན་དུ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱེད་ཆེད་རང་ལུས་མེར་བསྲེགས་བཏང་འདུག དེ་ནས་རྒྱ་གཞུང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་རྗེས་སུ་ཁོང་འདས་གྲོངས་སུ་གྱུར་འདུག
དགེ་འདུན་པ་འཕྲིན་ལས་ལགས་ལ་རྒྱ་གཞུང་གིས་ལོ་ལྔའི་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༢༡ཟླ་༡༢་ཚེས་༡༡ཉིན་སྤེལ། བོད་མདོ་སྨད་རྔ་བ་རྨེའུ་རུ་མ་ནས་ཡིན་པའི་དགེ་འདུན་པ་འཕྲིན་ལས་ལགས་ལ་རྒྱ་གཞུང་གིས་༧གོང་ས་མཆོག་གི་བཀའ་སློབ་དང་། གསུང་རྩོམ་ཕྱག་དེབ་སོགས་འགྲེམས་སྤེལ་བྱས་པའི་ཉེས་མིང་འོག་ལོ་ལྔའི་ཁྲིམས་ཐག་བཅད་འདུག
རྒྱ་གཞུང་གིས་བོད་མི་དྲུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་བྱས་པའི་ཉེས་འཛུགས་འོག་མི་ལོ་བཞི་ནས་བཅུ་བཞི་བར་བཙོན་འཇུག་ཁྲིམས་ཐག་བཅད་འདུག
ཕྱི་ལོ་༢༠༢༢ཟླ་༡༠ཚེས་༡༨ཉིན་སྤེལ། ཉེ་ཆར་རྒྱ་གཞུང་གིས་བོད་རིགས་རྩོམ་པ་པོ་དང་ཤེས་ཡོན་པ། ཁོར་ཡུག་སྲུང་སྐྱོབ་པ། དེ་བཞིན་བོད་དོན་ལས་འགུལ་བ་བཅས་བོད་མི་དྲུག་ལ་རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་དང་རྒྱལ་ཁབ་བདེ་འཇགས་ལ་གནོད་སྐྱོན་བཟོས་པའི་ཉེས་འཛུགས་འོག་ཏུ་མི་ལོ་བཞི་ནས་བཅུ་བཞི་བར་དུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
རྒྱ་གཞུང་གིས་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་མཐོ་ཚད་ཁྲི་དགུ་བཅུ་གོ་དགུ་ལྷག་ཅན་ཅིག་གཏོར་བཤིག་བཏང་འདུག
ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༢༧་ཉིན་སྤེལ། ཉེ་ཆར་རྒྱ་ནག་གཞུང་གིས་བོད་ཁམས་བྲག་མགོ་རྫོང་གི་སྟོན་པའི་སྐུ་བརྙན་དང་། མཎི་འཁོར་ལོ་༤༥་གཏོར་བཤིག་བཏང་ཡོད་འདུག སྟོན་པའི་སྐུ་བརྙན་འདི་ནི་མུ་གེ་གོ་ཆགས་དང་འབྱུང་གཞིའི་གནོན་པ་མི་ཡོང་བའི་ཆེད་དུ་བྲག་མགོ་མི་མང་གིས་འགྲོ་གྲོན་བཏང་ནས་བཞེངས་པ་ཞིག་ཡིན་འདུག
རྒྱ་གཞུང་གིས་གསང་བའི་ཐོག་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུའི་ཁྲིམས་ཐག་བཅད་ཡོད་འདུག
ཕྱི་ལོ་༢༠༢༡་ཟླ་༡༢་ཚེས་༡༠་ཉིན་སྤེལ། རྒྱ་གཞུང་གིས་ལྷ་སའི་ཁྲིམས་ཁང་ཞིག་ནས་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་ལ་ལོ་བཅུའི་ཁྲིམས་ཐག་བཅད་པའི་གནས་ཚུལ་ཐོན་འདུག འོན་ཀྱང་། ཁོང་ལ་ཉེས་མིང་གང་བཙུགས་ཡོད་མེད་དང་། ག་དུས་ཁྲིམས་ཐག་བཅད་པའི་དུས་ཚོད་སོགས་ད་དུང་གསལ་ཁ་མི་འདུག