03
ལྷག, བཅིུས།

ཟླ་འདིའི་ཚེས་༢༡ ཉིན། ཧྥ་རན་སི་གནས་སྡོད་བོད་མི་བརྒྱ་ཕྲག་འགའ་འགྲེམས་སྟོན་ཁང་མུའུ་ཛི་སྒེ་མེད་དང་གྲེམས་སྟོན་ཁང་ཀཱད་སྦི་རང་ལེ་གཉིས་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་སྐབས།

རྒྱལ་སྤྱིའི་གསར་འགྱུར།
Typography
  • Smaller Small Medium Big Bigger
  • Default Helvetica Segoe Georgia Times

ཕྱི་ལོ་༢༠༢༤ ཟླ་༩ ཚེས་༢༧ ཉིན་སྤེལ། ཧྥ་རན་སིར་གནས་འཁོད་བོད་ཀྱི་ཚོགས་པ་དྲུག་གི་སྐུ་ཚབ་དང་ཧྥ་རན་སིའི་རྒྱལ་ས་པ་རི་སེའི་འགྲེམས་སྟོན་ཁང་ ( Musée Quai Branly ) གི་རྒྱལ་སྤྱིའི་གནད་དོན་སློབ་སྟོན་པ་སྐུ་ཞབས་སེ་ལེ་མེན་ཊི་(Clément Tougeron) མཇལ་འཕྲད་གནང་ཡོད་ཅིང་། འགྲེམས་སྟོན་དེ་ཡིས་དེ་སྔོན་བོད་ཡི་ཚབ་ཏུ་རྒྱ་མིའི་ཚིག་ཞི་ཙང་བྲིས་པ་དགོངས་སེལ་ཞུས་པ་སྦྲགས་བོད་ཅེས་ཐ་སྙད་དེ་མུ་མཐུད་ནས་འབྲི་རྒྱུའི་ཁས་ལེན་བྱས་ཡོད་འདུག

དེ་ཡང་། ཟླ་འདིའི་ཚེས་༢༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༢ པར། འགྲེམས་སྟོན་ཁང་གི་སྐུ་ཚབ་སྐུ་ཞབས་སེ་ལེ་མེན་ཊི་(Clément Tougeron) ་དང་བོད་རིགས་ཚོགས་པའི་ཚོགས་གཙོ་སྐུ་ཞབས་པདྨ་རིན་ཆེན་ལགས་ཀྱིས་སྣེ་འཁྲིད་པའི་ཚོགས་པ་དྲུག་གི་སྐུ་ཚབ་ཚོགས་ཆུང་གི་མཇལ་མོལ་ཚོགས་འདུ་ཚོགས་ཡོད་ཅིང་། སྐབས་དེར་སྦར་སིལ་༧རྒྱལ་བ་རིན་པོ་ཆེ་དང་རང་གཞུང་སྐུ་ཚབ་དོན་གཅོད་ཁང་གི་འགན་ཁང་རིག་འཛིན་ཆོས་སྒྲོན་ལགས་དང་། བོད་མི་མང་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས། པེ་རི་སེའི་འབྲེལ་མཐུད་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་ཚེ་རིང་ལགས་དང་ལས་བྱེད་འཇིགས་མེད་མཆོག་བཅས་ཀྱང་མཉམ་ཞུགས་གནང་ཡོད་འདུག

སྤྱིར། ཟླ་འདིའི་ཚེས་༢༡ ཉིན། ཧྥ་རན་སི་བོད་རིགས་ཚོགས་པ་དང་། ཧྥ་རན་སི་བོད་རང་བཙན་སློབ་ཕྲུག་ཚོགས་པ། པེ་རི་སི་བོད་ཀྱི་གཞོན་ནུ་ལྷན་ཚོགས། མདོ་ཁམས་ཆུ་བཞི་སྒང་དྲུག ཧྥ་རན་སི་ས་གནས་དབུས་གཙང་ཆོལ་ཁ། ཧྥ་རན་སི་མདོ་སྨད་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག ཧྥ་རན་སི་གནས་སྡོད་བོད་མི་བརྒྱ་ཕྲག་འགའ་འགྲེམས་སྟོན་ཁང་མུའུ་ཛི་སྒེ་མེད(musée guimet) ནས་བོད(Tibet) ཞེས་པའི་མིང་ཚབ་ཏུ"ཧི་མ་ལ་ཡའི་འཇིག་རྟེན" དང་འགྲེམས་སྟོན་ཁང་ཀཱད་སྦི་རང་ལེ(musée Quai Branly) ནས་བོད(Tibet) ཞེས་མིང་ཚབ་ཏུ་རྒྱ་སྐད་ཀྱི་ཚིག "ཞི་ཙང"(Xizang) ཞེས་མིང་བསྒྱུར་གྱིས་བྱས་པར་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་སྤེལ་སོང་།

གོང་གི་ཚོགས་འདུའི་སྐབས་སུ། བོད་ཀྱི་ཚོགས་པ་ཁག་དྲུག་གི་བློ་འཚབ་སྐྱེ་གཞི་གཙོ་བོ་ཞིག་སྟེ། ཉེ་ཆར་ཧྥ་རན་སིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་ནང་མཚན་སྙན་གྲགས་ཆེ་བའི་འགྲེམས་སྟོན་ཁང་Musée Quai Branly ནས་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ཅ་དངོས་རིགས་བཤམས་སྟོན་ཚན་པ་ཁག་ལ་བོད་ཅེས་པའི་ཚབ་ཏུ་རྒྱ་ཡིག་གི་ཐ་སྙད་ཞི་ཙང་ཞེས་བྲིས་ཡོད་པའི་ཐོག་བཀའ་མོལ་ལྷུག་པོར་གནང་ཡོད་ཅིང་། འགྲེམས་སྟོན་ཁང་གི་སྐུ་ཚབ་སྐུ་ཞབས་སེ་ལེ་མེན་ཊི་ལགས་ཀྱིས་འགྲེམས་སྟོན་ཁང་ངོས་ནས་ད་ལྟའི་གནས་བབས་ཐད། ཁོང་ཚོས་ཁ་ཞེ་གཉིས་མེད་ཐོག་དགོངས་སེལ་ཞུ་བ་ཆབས་ཅིག དེ་སྔ་ནོར་འཁྲུལ་གང་ཤོར་ངོས་ལེན་གྱིས་འགྲེམས་སྟོན་ཁང་གི་བོད་དང་འབྲེལ་བའི་དཀར་ཆག་དང་ནང་གསེས་དབྱེ་བ་གང་ཡོད་ལ་བོད་ཅེས་པའི་ཐ་སྙད་སྔོན་མ་ལྟར་འཇོག་རྒྱུའི་ཁས་ལེན་གནང་ཡོད་འདུག


འགྲེམས་སྟོན་ཁང་གི་སྐུ་ཚབ་སྐུ་ཞབས་སེ་ལེ་མེན་ཊི་ལགས་ཀྱིས་ང་ཚོས་འགྱོད་སེམས་དང་བཅས་ཞུ་རྒྱུར་བོད་ཅེས་པའི་ཐ་སྙད་ཀྱི་ཚབ་ལ་རྒྱ་མིང་ཞི་ཙང་བེད་སྤྱོད་བྱས་པས་གནད་དོན་འདི་ཆབ་སྲིད་ཀྱི་ཚོར་བ་སྐྱེན་པོ་ཞིག་ཡིན་པ་ངོས་འཛིན་གསལ་བོ་བྱུང་ཞེས་དང༌། གཟའ་འཁོར་གསུམ་གྱི་ནང་ཚུད་འགྲེམས་སྟོན་ནང་ལ་གཟིགས་མོ་ཕེབས་མཁན་ཚོའི་སྤྱན་ལམ་དུ་བོད་ཅེས་པའི་མིང་འདི་ཁྲ་ལྷམ་མར་མཇལ་རྒྱུ་ཡོད་པ་ཞིག་བཟོ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་འདུག

འགྲེམས་སྟོན་ཁང་གི་ངོས་ནས་མུ་མཐུད་བོད་པའི་སྒྲིག་འཛུགས་དང་ལྷན་དུ་བཀའ་མོལ་ཞུ་རྒྱུའི་ཆོད་སེམས་ཡོད་ལུགས་དང་མ་འོངས་པར་བོད་དང་འབྲེལ་བའི་གནད་དོན་ཐོག་གུས་རྩིས་ལྡན་པ་དང་ཁ་དན་ཚིག་ལ་གནས་པའི་སྒོ་ནས་ཕན་ཚུན་བཀའ་མོལ་རིམ་པར་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཡོད་འདུག

གཞན་ཡང་། བོད་པའི་ཚོགས་པ་ཁག་དྲུག་གི་སྐུ་ཚབ་རྣམས་ཀྱིས་འགྲེམས་སྟོན་ཁང་སྒེ་མུད་(musée Guimet) ནས་བོད་ཀྱི་ཚབ་ལ་"ཧི་མ་ལ་ཡའི་འཇིག་རྟེན"་ཞེས་མིང་བསྒྱུར་བ་བྱེད་དབར་དུ་ཞུ་གཏུག་དང་ངོ་རྒོལ་གྱི་ལས་འགུལ་མུ་མཐུད་ནས་སྤེལ་རྒྱུ་ཞེས་བརྗོད་འདུག